འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས27ཉིན་གྱི་སྔ་དྲོར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“ཁྲིམས་སྐྱོང་སློབ་ཚན”གཉེར་བ་དང་། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན་དང་། བསོད་ནམས་དར་རྒྱས། ཡི་ཤེས་ཆོས་འཕེལ་བཅས་ཞུགས་ཡོད།
ཚོགས་འདུའི་ཐོག་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁྲུང་ཆིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ལྷོ་ནུབ་སྲིད་ཁྲིམས་ལྷོ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥུའུ་ཙི་ཐང་གིས་ཁ་བྱང་ལ“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་འཕེལ་རྒྱས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཕྱོགས་བརྒྱད་ཀྱི་ཐད་ནས་འགྲེལ་བཤད་དང་ཀློག་འགྲེལ་གཏིང་ཟབ་བསྐྱོན་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)