འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས28ཉིན། རང་རེའི་གྲོང་ཁྱེར་གྱིས་དགེ་ལས་སྤྱི་ཁྱབ་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་དགེ་ལས་སྤྱི་ཁྱབ་ཚོགས་པའི་སྒྲིག་ཡིག(འཆར་ཟིན)》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་རྣམ་པའི་ཐོག་ནས་ཆབ་མདོ་གྲོང་ཁྱེར་དགེ་ལས་སྤྱི་ཁྱབ་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་སོགས་བདམས་ཐོན་བྱུང་བ་དང་། གྲོང་ཁྱེར་དགེ་ལས་སྤྱི་ཁྱབ་ཚོགས་པའི་ཞལ་འདེབས་ཕུལ་ཚུལ་བརྡ་ཁྱབ་བཏང་བར་མ་ཟད་གཅིག་སྡུད་ཐོག་ནས་ཞལ་འདེབས་འབུལ་བའི་མཛད་སྒོ་གཉེར་ཡོད། ཕུའུ་ཡུས་ཧུས་སོགས་ཀྱིས་བདམས་ཐོན་བྱུང་མཁན་དག་ལ་གདན་ཞུའི་ལག་ཁྱེར་སྤྲད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)