国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月01日

ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས26ཉིན་ནས་ཚེས27ཉིན་བར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ་རེད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན་དང་། བསོད་ནམས་དར་རྒྱས། ཡི་ཤེས་ཆོས་འཕེལ་བཅས་ཚོགས་འདུར་ཞུགས་ཡོད།

ཐེངས་འདིའི་ཚོགས་འདུ་ཐོག་མི31ལས་གྲུབ་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མི་སྣ་ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་སྲོལ་ཡིག》《ཆབ་མདོ་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་ཁུངས་ས་ཁུལ་སྲུང་སྐྱོབ་སྲོལ་ཡིག》དེ་བཞིན་མི་དོན་བསྐོ་འཐེན་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)