འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་གསལ་ལྟར་ན། G214ལམ་ཐིག་ལྕགས་ཁ་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་གསར་དུ་བསྐྱར་སྐྲུན་བྱས་པའི་ལས་གཞིར་ཟླ6པའི་ཚེས11ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་ཆོག་མཆན་ཐོབ་ཅིང་། དེས་རྣམ་གྲངས་ཀྱི་དུས་མགོའི་བྱ་བར་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། རྣམ་གྲངས་དོན་དངོས་རང་བཞིན་གྱི་འཛུགས་སྐྲུན་དུས་མཚམས་སུ་ཐོན་པར་གནད་འགག་གི་རྨང་གཞི་བཏང་བ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ཀྱི་དུས་རིམ་བར་མའི་འཆར་འགོད་དམིགས་ཚད་ལེགས་སྒྲིག་རྣམ་གྲངས་ཡིན་ལ། ཁ་རུབ་ཆུས་ལྕགས་ཁ་གྲོང་ཚོ་ནས་མགོ་ཚུགས་ཏེ་ད་ཡོད་ཀྱི་ཆབ་མདོ་ནས་ལྕགས་ཁའི་མཚམས་ཀྱི་གཞུང་ལམ་དུ་སྦྲེལ་མཐུད་བྱས་ནས། མཇུག་མཐརG214ལམ་ཐིག་དང་མཉམ་བགྲོད་བྱས་ནས་རྣམ་གྲངས་ཀྱི་མཇུག་མཐའི་ས་ཚིགས་སུ་ཐོན་པ་ཡིན། ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ70.7ཡོད་ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར80ལྷག་ཟིན་ཡོད།
རྣམ་གྲངས་འདིར་ཆོག་མཆན་ཐོབ་པར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཆབ་མདོ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་བྱས་ཡོད་པ་དང་། རྣམ་གྲངས་ཆེད་གཉེར་སྡེ་ཚན་གྱི་རྒྱུན་མཐུད་འགག་སྒྲོལ་དང་འབད་བརྩོན་ལྷོད་མེད་གོང་བུར་འགྲིལ་ཡོད། རྣམ་གྲངས་སྐྲུན་ཚར་རྗེས། ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་གྱི་ལམ་ཐག་མཆོང་སྐྱོད་རྣམ་པའི་འཕར་བ་མངོན་འགྱུར་བྱུང་སྟེ། ད་ཡོད་ཀྱི་སྤྱི་ལེ27.1ནས་ཆེས་ཆེར་སྣུར་སྲིང་བྱས་ནས་སྤྱི་ལེ97.8འཕར་རྒྱུ་རེད།
ཆབ་མདོ་གྲོང་ཁྱེར་ནང་ཁོངས་ནས་སྤང་མདའ་གནམ་གྲུ་ཐང་དབར་གྱི་ཤར་བགྲོད་བར་ཐག་སྔོན་ཆད་ཀྱི་སྤྱི་ལེ120ལྷག་ནས་སྤྱི་ལེ97.8བར་ཇེ་ཐུང་དུ་ཕྱིན་པ། དེ་དང་ཆབས་ཅིག་བགྲོད་ལམ་གྱི་རིམ་པ་དང་ལམ་ཐིག་གི་མཚོན་ཐིག་སྔར་བས་ཇེ་ལེགས་དང་མཐོར་འདེགས་སུ་ཡོང་ནས། རླངས་འཁོར་གཏོང་བའི་དུས་ཚོད་སྔོན་ཆད་ཀྱི་ཆུ་ཚོད2ལྷག་ནས་ཆུ་ཚོད1ཡས་མས་སུ་ཇེ་ཐུང་དུ་གཏོང་ཐུབ་པས། མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ།