国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月01日

ལའོ་ཆིན་འུའུ་ཡིས་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པའི་ ཆེད་མཁས་པ་དང་མཇལ་འཕྲད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པའི་དྲུང་ཆེ་གཞོན་པ་མར་དགྲ་བསོད་ནམས་འབྲུག་གྲགས་ཀྱིས་སྣེ་ཁྲིད་པའི་ཆེད་མཁས་ཚོགས་པ་དང་བཞུགས་མོལ་གནང་ཞིང་། ཕྱོགས་གཉིས་ཀྱིས་ཇ་རྟའི་གནའ་ལམ་རྒྱུད་ཀྱི་རྒྱལ་ཁབ་རིག་གནས་སྐྱེད་ཚལ་འཛུགས་སྐྲུན་དང་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་དང་རྒྱུད་འཛིན། བཀོལ་སྤྱོད་སོགས་ཀྱི་ཐད་ནས་སྤེལ་རེས་གཏིང་ཟབ་བྱས་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ཐུབ་དགའ་དང་། མིག་ཚེ་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ཚོགས་པའི་ཆེད་མཁས་པ་ཆབ་མདོར་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། ཆབ་མདོའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་རང་སྤུས་དང་། ཇ་རྟའི་གནའ་ལམ་ཐོག་གི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་འབྲེལ་ཡོད་ཀྱི་འཆར་འགོད་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཆབ་མདོས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས“འགྱུར་བ་གསུམ”གྱི་འཕེལ་རྒྱས་ཀྱི་ངེས་གནས་དང་བླང་བྱ་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དེ་བཞིན་ཇ་རྟའི་གནའ་ལམ་གྱི་རིག་གནས་དཔལ་འབྱོར་རྒྱུད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཐེངས་འདིའི་ཆེད་མཁས་ཚོགས་པ་ཆབ་མདོར་རྟོག་ཞིབ་གནང་བར་ཕེབས་པའི་གོ་སྐབས་འདི་དང་བསྟུན་ནས། ཞིབ་འཇུག་ཚོགས་པའི་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཇ་རྟའི་གནའ་ལམ་གྱི་རིག་གནས་ནང་དོན་སྔོག་འདོན་བྱེད་པ་དང་། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་དང་རྒྱུད་འཛིན། བཀོལ་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། རིག་གནས་སྲུང་སྐྱོབ་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དམ་ཟབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

མར་དགྲ་བསོད་ནམས་འབྲུག་གྲགས་ཀྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འཆར་འགོད་སྒྲིག་གཞི་དང་ལག་རྩལ་ཁྲིད་སྟོན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་གཏིང་ཟབ་བྱས་ཏེ་ཐུན་མོང་ཐོག་ཇ་རྟའི་གནའ་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གཏོད་དེ། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་བསམ་པ་བསྟན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)