国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月27日

རང་རེའི་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས24ཉིན། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་དངོས་གྲུབ་ཟླ་བ་ཡིས་བྱེད་སྒོ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་རིམ་པའི་མཐའ་མའི་འགྲན་སྡུར་གྱི་གྲ་སྒྲིག་ལས་དོན་བཀོད་སྒྲིག་བྱས་ཡོད།

ཚོགས་འདུའི་ཐོག་བྱེད་སྒོ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་དང་དེ་བཞིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་། གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་སྣེ་ཁྲིད་ཚན་པ8ཀྱི་གྲོང་ཁྱེར་རིམ་པའི་མཐའ་མའི་འགྲན་སྡུར་རྣམ་གྲངས33སྐོར་གྱི་གྲ་སྒྲིག་ལས་དོན་སྙན་སེང་ལ་གསན་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)