འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས24ཉིན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་སྡོད་ལས་བྱེད་ཁག་བཅུ་པའི་གཙོ་གནད་གསབ་སྦྱོང་འཛིན་གྲྭ་དེ་གྲོང་ཨུད་ཏང་གི་སློབ་གྲྭར(གྲོང་ཁྱེར་སྲིད་འཛིན་སློབ་གླིང)དངོས་སུ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལིས་ཡུའེ་ཧུང་ཞུགས་པ་མ་ཟད་སྐུལ་སློང་གསུང་བཤད་ཀྱང་གནང་བ་དང་། རྫོང(ཆུས)11གི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་གཙོ་དང་། རུ་གཙོ་གཞོན་པ། གྲོང་སྡོད་གཞུང་ལས་ཁང་གི་འགན་འཁུར་བ་དང་དེ་བཞིན་གྲོང་སྡོད་ཧྲུའུ་ཅི་དང་པོ་ཁ་ཤས་བཅས་མི132ཐེངས་འདིའི་གསབ་སྦྱོང་ནང་ཞུགས་ཡོད།
ལིས་ཡུའེ་ཧུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་གྲོང་སྡོད་ལས་དོན་གྱི་འགན་འཁྲི་འཁུར་སེམས་ཤུགས་སྣོན་རྒྱག་དགོས། ལས་འགན་གཙོ་བོ་དམ་པོར་དམིགས་ཏེ། གནད་འཕིགས་ཇུས་འདོན་གྱིས་གོ་ཆོད་པ་བྱས་ནས་ལས་ཀའི་ཕན་འབྲས་མཐོར་འདེགས་གཏོང་དགོས། འགན་འཁྲི་དོན་འཁྱོལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁྲིམས་སྒྲིག་སྲོལ་ནན་སྲུང་དང་རྒྱུན་རྣམ་ཅན་གྱི་དོ་དམ་སྒྲིག་གཞི་འཛུགས་དགོས་རྒྱུའི་བླང་བྱ་བཏོན་ཡོད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)