国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月27日

ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་ཆབ་མདོ་གྲོང་ཁྱེར་དུ་སྐོར་སྐྱོད་དཔེ་སྟོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོཌ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས23ཉིན་ནས་ཚེས24ཉིན་བར། བོད་རང་སྐྱོང་ལྗོངས་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཁག་གསུམ་པའི་སྙན་ཞུའི་ཚོགས་འདུ་དེ་ཆབ་མདོར་འཚོགས་པ་དང་། ཆབ་མདོའི་རྫོང(ཆུས)11ནས་ཡོང་བའི་གཞི་རིམ་སྒྲོག་འགྲེལ་པ77གྱིས་ཡུལ་དངོས་སུ་སྒྲོག་འགྲེལ་ལ་གསན་ཡོད།

བྱེད་སྒོ་ནང་གཞིས་རྩེའི་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་རྒུད་སྐྱོབ་ནང་དངོས་སུ་ཞུགས་མྱོང་བའི་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་དང་། ལས་རིགས་ཁག་གི་ལས་དོན་མི་སྣ། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་བཅས་མི་4ཡིས《ཚེ་སྲོག་གོང་དུ་བཀུར། ཡོམ་འགོག་རྒུད་སྐྱོབ་ཁྲོད་ཀྱི་ཀྲུང་གོའི་སྟོབས་ཤུགས》དང《ཕན་ཚུན་ལྟ་སྐྱོང་བྱེད། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ》《ཏང་གི་བཀའ་དྲིན། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་གྱི་མང་ཚོཌ་ཀྱི་སྟོབས་ཤུགས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་དང་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རེས་ཀྱི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)