འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ104སླེབས་ལ་ཉེ་བའི་མཚམས་སུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། གྲོང་ཨུད་ཀྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དང་“དངུལ་རྩའི་ཁོངས་གཏོགས་ཀྱིས་ཁེ་ལས་དང་། དམངས་སྤྱོད་མཁའ་འགྲུལ་ས་ཚིགས། འཕྲིན་གཏོང་ཀུང་ཟི་ཆེ་མོ་གསུམ་སོགས(ཀྲུང་དབྱང་དང་། ལྗོངས)ཐད་གཏོགས་ཚན་པའི་ཏང་གི་འཛུགས་སྐྱོང་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཕན་ཚུན་སྤེལ་རེས་དང་སྦྱོང་རེས་ལ་ཤུགས་སྣོན་རྒྱག་རྒྱུའི”སྐོར་གྱི་བླང་བྱ་དོན་འཁྱོལ་བྱ་ཆེད། ཟླ6པའི་ཚེས25ཉིན་ཆབ་མདོ་གྲོང་ཁྱེར་གྱི“ལྟེ་བའི་ཡན་ལག་ཏང་འཛུགས་ཁྲིད་སྟོན་བྱེད། དར་རྒྱས་ཡར་བརྩོན་གྱི་སྦྱོང་བརྡར་ཆེ་མོ”ཞེས་པ་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་གྱི་མཐའ་མའི་འགྲན་སྡུར”དེ་ཁམས་པའི་རིག་གནས་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ་རེད།
འགྲན་སྡུར་རབ་དང་རིམ་པ་བྱས་པ་བརྒྱུད་རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་གཏམ་བཤད་ལེ་ཚན10མཐའ་མའི་འགྲན་སྡུར་ནང་ཚུད་པ་རེད།
འགྲན་སྡུར་དྲག་པོ་བྱས་པ་བརྒྱུད། སྟེང་ཆེན་རྫོང་སེར་ཚ་ཤང་མི་དམངས་སྲིད་གཞུང་གི་ཀྲང་ཤིན་ཡུས་ལ་བྱ་དགའ་ཨང་དང་པོ་དང་། གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་ཧྥང་ཆིས་ཧའོ་དང་། ལྷོ་རོང་རྫོང་དམར་རི་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཨོ་དབྱང་ཅིན་ཡོན་ལ་བྱ་དགའ་ཨང་གཉིས་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལིས་ཧོན་ཧོན་དང་། ལྷོ་རོང་རྫོང་རྔུལ་ཤོད་ཤང་མི་དམངས་སྲིད་གཞུང་གི་ལུའུ་ལིས་ཤང་། འཇོ་མདའ་རྫོང་སློབ་གསོ་ཅུས་ཀྱི་ཧུའུ་ཡན་ཏན་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཡོད།
ལྟད་མོ་ཚོས་དེ་རིང་གི་གཏམ་བཤད་ནི་བསམ་བློའི་ཐོག་གི་འགྲན་རྩོད་ཤིག་ཡིན་ལ། སྙིང་སྟོབས་ཀྱི་ཤུགས་སྦྲེལ་ཞིག་དེ་བས་ཀྱང་ཡིན།“གཏམ་བཤད།+རིག་རྩལ”ལམ་ནས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་འདུ་ཤེས་མི་སེམས་སུ་ཟུག་ནས་ཏང་ཡོན་ལས་བྱེད་པས་གསར་བརྗེའི་ལོ་རྒྱུས་ཁྲོད་ནས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་སྐུལ་མ་བཏང་བ་དང་། དུས་རབས་གསར་པའི་ལམ་བུའི་ཐོག་དམིགས་ཚད་གཏན་འཁེལ་དང་དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)