国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月27日

ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིག་ལྡན་སྐྱེ་ཁམས་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས་ཕྱོགས་ཡོངས་དང་སྔོན་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཤིང་། བྱེད་ཐབས་སྣ་ཚོགས་སྤྱད་དེ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་དང་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

མིག་སྔར། ཆབ་མདོ་གྲོང་ཁྱེར་གྱིས“རིག་ལྡན་སྐྱེ་ཁམས”གཅིག་གྱུར་གྱི་ལྟ་འདོམས་ལས་སྟེགས་བདེ་བླག་ངང་བསྐྲུན་ཞིང་། བཙོག་འབུད་ཁེ་ལས་39ཡི་དྲ་ཐོག་ལྟ་ཞིབ་ཚད་ལེན་ས་ཚིགས་57དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱེད་ལམ་168 དེ་བཞིན་བཙོག་འབུད་ཚན་པ་29ཡི་སྦགས་བཙོག་བཅོས་སྒྲིག་སྒྲིག་བཀོད་ཀྱི་གློག་སྤྱོད་ལྟ་སྐུལ་ཚོད་འཛིན་སོགས་སྔོན་ཐོན་ཤེས་ཚོར་སྒྲིག་ཆས་དང་འབྲེལ་མཐུད་བྱས་ནས། བཙོག་འབུད་ཁེ་ལས་ལ་ཕྱོགས་ཡོངས་དང་དུས་ཐོག་ཏུ་ལྟ་འདོམས་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་སུ་ད་དུང་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་5དང་། འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་6 ལམ་ངོས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ས་ཚིགས་3 འཛེར་སྒྲ་ལྟ་ཞིབ་ཚད་ལེན་ས་ཚིགས་20 འགྱེད་འཕྲོར་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་1བཅས་བཀོད་སྒྲིག་བྱས་ནས། འཐུས་སྒོ་ཚང་བའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་ཡོད། གཞན་ཡང་། ད་དུང་བཙོག་འབུད་ཆོག་འཐུས་ལག་ཁྱེར་དོ་དམ་ལས་སྟེགས་དང་སྦགས་བཙོག་འབྱུང་ཁུངས་རང་འགུལ་ལྟ་སྐུལ་ཚོད་འཛིན་སོགས་ས་གནས་ས་ཐོག་མིན་པའི་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས“ས་གནས་ས་ཐོག་མིན་པའི་ཁྲིམས་སྒྱུར”གསར་གཏོད་རྣམ་པ་ཁྱབ་སྤེལ་བཏང་ཡོད།

ད་ལོར།ཆབ་མདོས་ས་མཐོའི་དོན་དངོས་དང་མཐུན་པ་དང་ཆབ་མདོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་བྱེད་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུར་གཞོལ་ཞིང་། ས་མཐོའི་སྲ་གཟུགས་སྙིགས་དངོས་རིག་ལྡན་ལྟ་འདོམས་དཔེ་སྟོན་དང་། འཚོ་བའི་གད་སྙིགས་མེར་སྲེག་སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་དཔེ་སྟོན། འབྲེལ་ཡོད་རྣམ་གྲངས་ཀྱི་འཛུགས་སྐྲུན་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་དཔེ་སྟོན། དེ་བཞིན་ས་མཐོའི་ཁྱད་ཆོས་ལྡན་པའི“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་དཔེ་སྟོན་སོགས་ཀྱི་ཁྱད་ཆོས་ལྡན་པའི་ལས་དོན་རབ་དང་རིམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། ད་དུང་གཡུ་ལུང་ཟངས་གཏེར་གྱི་སྙིགས་རོའི་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཅན་གྱི་རྣམ་གྲངས་ལའང་སྐུལ་འདེད་བཏང་ཡོད། གཞན་ཡང་དམངས་ཡོངས་ཀྱི“སྙིགས་མེད”འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང“སྙིགས་མེད”རིག་གནས་དང་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་ལྟ་བ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྣ་མང་ཕུན་སུམ་ཚོགས་ཤིང་དམངས་སྲོལ་དང་འཚམ་པའི“སྙིགས་མེད་གྲོང་ཁྱེར”དྲིལ་བསྒྲགས་གཡུལ་ས་བཙུགས་པ་དང་།“སྙིགས་མེད་གྲོང་ཁྱེར”དྲིལ་བསྒྲགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཐོག“སྙིགས་མེད”འདུ་ཤེས་དྲིལ་བསྒྲགས་གཞི་རིམ་དུ་གཏིང་ཟབ་བྱས་ཏེ“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པ་སྤྱི་དམངས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་། དེའི་ནང་ཞུགས་ཚད། དེར་བློ་ཡིད་ཚིམ་ཚད་བཅས་ཆེ་རུ་བཏང་ཡོད།