འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཨུད་ཏང་གི་སློབ་གྲྭར་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།
ལའོ་ཆིན་འུའུ་ཡིས། ཁ་བྱང་ལ“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་སློབ་ཚན་ཁྲིད་གནང་ཡོད།
ལའོ་ཆིན་འུའུ་ཡིས། མིག་སྔར། ཆབ་མདོ་འདི་ཉིད“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”བསྐྲུན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས།“མིག་དཔེ་དྲུག”དང“ངེས་པར་དུ་བརྒྱད”ལག་ལེན་བསྟར་ཏེ།“དམར་མདངས་ཆབ་མདོ”སྣེ་ཁྲིད་དུ་བཟུང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”སློབ་སྦྱོང་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ“འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བཅས་བྱས་ཏེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོའི་ཐོག་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྲུང་སྐྱེལ་བྱེད་དགོས་པའི་ནན་བཤད་གནང་ཡོད།
སློབ་ཚན་ཁྲིད་པའི་རིང་ལ། ལའོ་ཆིན་འུའུ་ཡིས་སློབ་གཉེར་བ་ཚོ་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན། ཐོན་ལས་སྐུལ་འདེད། གཞི་རིམ་རྟོག་ཞིབ་སོགས་ནང་དོན་ལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)