国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月24日

གྲོང་ཨུད་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག(ཆེད་དོན་བཅོས་སྒྲིག)ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོཌ་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས20ཉིན། གྲོང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག(ཆེད་དོན་བཅོས་སྒྲིག)ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་བཅོས་སྒྲིག་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཆུང་བདག་ཚོགས་འདུ་ཕེབས་ཏེ་མཛུབ་ཁྲིད་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

གྲོང་ཨུད་རྒྱུན་ཨུ་ཚན་ཁག་གི་ཁོངས་མི་ཚོགས་འདུ་ཞུགས་ཡོད། རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཁོངས་མི་ཡོངས་ཚོགས་འདུ་ཞུགས་ཡོད།

ཀྲོང་ཅིན་སུང་གིས་མིག་སྔར་སློབ་སྦྱོང་སློབ་གསོ་དེ་འགག་སྒྲོལ་གྱི་དུས་རིམ་དུ་སླེབས་པ་དང་། དེ་ཙམ་གྱི་འགག་རྩའི་དུས་སུ་དེ་བས་ངེས་ཤུགས་རྒྱུན་འཁྱོངས་དང་ཚད་གཞི་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ལ་རྒྱུན་བསྲིང་ལྷོད་མེད་ཀྱིས་སློབ་སྦྱོང་བྱ་རྒྱུ་དམ་འཛིན་བྱས་ཏེ་རྒྱུན་དུ་བློ་སྦྱོང་བྱེད་པ་དང་རྒྱུན་དུ་ཤེས་རྟོགས་ཡར་ཐོན་ཡོང་བར་བྱེད་དགོས། གནད་དོན་གསལ་ཐོ་དང་ཆེད་དོན་བཅོས་སྒྲིག་གི་བླང་བྱ་རེ་རེ་བཞིན་བསྡུར་བ་བྱས་ཏེ་ཡང་བསྐྱར་གསེད་བཀྲོལ་བྱེད་པ་དང་། རྣམ་ཤེས་ཀྱི་སྦུབས་སུ་འཛུལ་བའི་ནད་ཀྱི་རྩ་བ་ཡང་དག་འཚོལ་ཏེ་དོན་དངོས་ལས་གཡོལ་བ་དང་དཀའ་སར་ལས་གཡོལ་མཁན་ལ་ནན་ཏན་གྱིས་སྐྱོན་བརྗོད་དང་ཡོ་བསྲང་བྱེད་པར་སྐུལ་འདེད་བྱེད་དགོས། སྐྱོན་མཚང་འཚོལ་བ་དང་སྟོབས་ཤུགས་གཅིག་འགྲིལ་ངང་ལེགས་གྲུབ་གཅིག་དང་མེད་བཟོ་གཅིག་བཅས་བྱས་ཏེ་གྲུབ་འབྲས་ལ་བརྟེན་ནས་སྐད་ཆ་བཤད་པ་དང་ཕན་འབྲས་ཀྱི་ཐོག་ནས་ཨང་རྒྱུགས་སྤྲད་དེ་མི་དམངས་མང་ཚོགས་རེག་ཚོར་ཐུབ་པ་བྱེད་དགོས། ཁྱབ་ཁོངས་གཙོ་བོ་དང་མངོན་གསལ་གནད་དོན། ཉམས་ཞན་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ་ཁག་དབྱེའི་མཛུབ་ཁྲིད་ཀྱིས་རྒྱུན་ལྡན་མིན་པའི་ཤུགས་ཚད་ལ་བརྟེན་ནས་རྒྱུན་ལྡན་མིན་པའི་ཕན་འབྲས་བརྩོན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གནད་དོན་གྱི་ལྡོག་འཕར་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)