国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月24日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས19ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་རེའི་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་ཡོད།

ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན་ལ་ཚུགས་གནས་གཟིགས་རྒྱང་རིང་ཞིང་མཛུབ་ཁྲིད་རང་བཞིན་ཤུགས་ཆེན་ལྡན་པས། ང་ཚོས་ཚན་རིག་གི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཐོག་ནས་གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་དམ་པོར་དམིགས་ཏེ། ལོ་འཁོར་གྱི་གྲངས་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་བཟོ་ལས་འཕར་བ་དང་འཛད་སྤྱོད་བག་ནུས་སྔོག་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོན་པོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་གཞི་ཡག་པོ་བཟོས་ཏེ། ཁྱད་ལྡན་འབུར་ཐོན་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱས་ནས་ཐབས་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་ལྡན་པའི་རྣམ་གྲངས་གལ་ཆེན་ཁག་ཅིག་འཆར་འགོད་བྱེད་དགོས། གནམ་གཤིས་མི་ལེགས་པ་དང་ས་གཤིས་གནོད་འཚེའི་སྔོན་བརྡ་དང་ཉེན་འགོག་རོགས་སྐྱོབ་སོགས་ཀྱི་གྲ་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་ཚབས་ཆེའི་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་ཅེས་བསྟན། ཚོགས་འདུའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚོགས་ཆུང་བཅུ་པས་ཚུར་ལན་སྤྲད་པའི་བསམ་འཆར་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་། གྲོང་ཨུད་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཚུར་ལན་གནད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། སློབ་སྦྱོང་སློབ་གསོར་མུ་མཐུད་དམ་འཛིན་བྱས་ཏེ་དེ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དང་། ལས་ཀའི་སྐྱོན་ཆ་བཀག་པ། ལས་ཀའི་སྒྲིག་ཁྲིམས་ནན་པོ་བཅས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དང་བཅོས་སྒྲིག་གི་ཕན་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་ཏན་ཏིག་བསྒྱུར་ནས་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་ནུས་པའི་ཆུ་ཚད་གོང་འཕེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར))