འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཤེས་དཔལ་ལག་ལེན་གྱི་རིམ་བཞིའི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། འཐབ་ས་སྣུར་སྲིང་དང་། སྤུས་རྟགས་སྐྱོང་གསོ། ཤེས་ལྡན་པའི་མཐུན་རྐྱེན་སྦྱོར་བ་བཅས་བྱེད་ཐབས་ཆེན་པོ་གསུམ་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དར་སྤེལ་བཏང་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་འཐབ་ས་འཛུགས་སྐྱོང་དེ་ཤེས་དཔལ་ལག་ལེན་གྱི་རྨང་གཞིའི་འདུ་འགོད་ལ་བརྩིས་པ་མ་ཟད། “ལྟེ་གནས་དང་། ཁང་གཅིག ས་ཚུགས་གཅིག གནས་གཅིག”བཅས་རིམ་བཞིའི་ཤེས་དཔལ་ལག་ལེན་གྱི་འཐབ་སའི་དྲ་རྒྱ་བསྐྲུན་ནས་རྫོང(ཆུས)11དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)141 གྲོང་ཚོ(སྡེ་ཁུལ)1151བཅས་ལ་ཁྱབ་པ་དང་། འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བར་ཁྱམས་དང་། སྤུས་ལེགས་ལམ་ཐིག “དྲ་གྲགས་གནས”བཅས་དང་དེ་བཞིན་ཁ་རུབ་ཆུས་ཀྱི“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྤྱི་གླིང”དང“སྡེ་ཁུལ་གྱི་ཟ་ཁང”སོགས་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བར་མཐོངས་བཏོད་དེ་དམངས་ཡོངས་ཞུགས་པའི་རང་འགུལ་རང་བཞིན་སྐུལ་སློང་ཐུབ་ནས་ཤེས་དཔལ་གྱི་འཐབ་ས་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས“ཤང་ཚང་མར་སྟེགས་བུ་ཡོད་པ་དང་གྲོང་ཚོ་ཚང་མར་འཇོན་ཐང་ཅན་ཡོད་པའི”ལག་ལེན་གར་སྟེགས་བསྐྲུན་པ་བརྒྱུད། སྨར་ཁམས་རྫོང་གི་རྒུན་འབྲུམ་འདེབས་འཛུགས་འཇོན་ཐང་ཅན་ཀརྨ་དང་སྟེང་ཆེན་རྫོང་གི་ལོ་82ལ་སླེབས་པའི་བཟོ་བོ་བཀྲ་དགའ་སོགས་ལས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཐོན་པ་མ་ཟད། ཁོང་ཚོ་ཤེས་དཔལ་ལག་ལེན་ལས་དོན་གྱི་རྐང་འཛིན་པར་གྱུར་ཡོད། རྐང་འཛིན་པ་དེ་དག་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གསར་བརྗེའི་གཏམ་རྒྱུད་ཤོད་པ་དང་ལག་རྩལ་བརྒྱུད་ཁྲིད་བྱས་ཏེ“མི་ཚང་མ་ཞུགས་པ་དང་མི་ཚང་མར་ཕན་ཐོགས་པའི”རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།