ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ལ་རྒུན་འབྲུམ་འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྐམ་ཞིང་ཚ་བའི་ལུང་གཞུང་གནམ་གཤིས་ཀྱི་ལེགས་ཆས་སྨུག་ཕྱིའི་འོད་ཤུགས་ཆེ་བ་དང་ཉི་འོད་འདང་ངེས་ཡོད་པས། སྤྱི་གནོད་མེད་པའི་གནོད་མེད་རྒུན་འབྲུམ་རྒྱ་ཆེན་པོ་འདེབས་པར་ཧ་ཅང་འཚམ་པོ་ཡོད། སྨར་ཁམས་རྫོང་རྨོག་ཤོད་ཤང་ཨ་གདོང་གྲོང་ཚོའི་རྒུན་འབྲུམ་ལྡུམ་རར་གནས་པའི་ཆུ་ཚན་ཁ་1865ཨ་རག་བཟོ་ཁང་གིས་ཡོ་རོབ་ཀྱི་སྲོལ་རྒྱུན་ལག་རྩལ་དང་ས་གནས་དེ་གའི་བློ་གྲོས་མཉམ་འདྲེས་བྱས་པས། ལོ་ལྟར་ཨ་གདོང་གྲོང་ཚོ་ནས་ཐོན་པའི་རྒུན་འབྲུམ་དམིགས་འཛུགས་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་གྲོང་མིའི་འབབ་འཕར་དང་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད།