འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ལིས་ཀྲུང་ཡན་དང་བཞུགས་མོལ་གནང་བ་རེད།
ཀྲོང་ཅིན་སུང་གིས་ལིས་ཀྲུང་ཡན་དང་བཅས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་ཟིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་ཆབ་མདོ་ནི་འཕེལ་རྒྱས་མྱུར་ལ་སྙེག་བརྒལ་མཆོང་སྐྱོད་ལྟ་བུའི་གོ་སྐབས་རྩ་ཆེན་དང་བསྐལ་བཟང་གི་དུས་སྐབས་ཤིག་ཏུ་སླེབས་པས་འབྱུང་འགྱུར་ལ་མདུན་ལམ་ཆེན་པོ་ཡོད་སྟབས།
ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་ཁེ་ལས་ཀྱི་འཁོས་ཀ་དང་ཆབ་མདོའི་དགོས་མཁོ། མང་ཚོགས་ཀྱི་འདོད་བློ་བཅས་ལ་གཞིགས་ཏེ་ཆབ་མདོར་རྨང་གཞིའི་སྒྲིག་བཀོད་ཐད་མ་རྩ་གཏོང་ཤུགས་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་གཞི་ཆེན་མོའི་ལྟེ་གནས་འཚོལ་ཞིབ་བྱེད་པ་དང་། རྒྱལ་ལམ་རྒྱུད་ཀྱི་གསར་བརྗེའི་གནས་རྟགས་གྲངས་འཛིན་ཅན་འཛུགས་སྐྲུན་དང་རྨང་གཞིའི་ཚན་རིག་ཞིབ་འཇུག་ནང་ཧུར་ཐག་ཞུགས་ནས་ད་ཡོད་ཀྱི“ཀུན་མཐོང་ལས་གཞི”རྣམ་གྲངས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་ཕྱོགས་བསྡུས་ཅན་གྱི་བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་ནང་ཞུགས་པ་བཅས་བྱས་ཏེ། ས་གནས་དང་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པའི་རེ་བ་ཡོད་ཅེས་གསུངས།
ལིས་ཀྲུང་ཡན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ལས་གཉེར་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་གང་ཐུབ་ཞུས་ཏེ་ཤེས་རིག་གི་གྲོང་ཁྱེར་དང་རྩིས་ནུས་འཕེལ་རྒྱས། སྦྲེལ་ཚུགས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་མ་རྩ་གཏོང་ལུགས་སྔར་ལས་ཆེ་རུ་བཏང་ནས་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུ་ཡིན་ཞེས་གསུངས།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)