国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月20日

ལྷོ་རོང་རྫོང་གི་ཆོས་ལུགས་ཁྱབ་ཁོངས་སུ“དམར་མདངས་ཆབ་མདོ·དར་རྒྱས་ཡར་བརྩོན”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་གཅེས་སློབ་གསོ་སྔར་བས་གཏིང་ཟབ་གཏོང་བ་དང་། གྲྭ་བཙུན་གྱི་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་ཐུབ་པར་ཁྲིད་སྟོན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད། ཉེ་ཆར། ལྷོ་རོང་རྫོང་ཆོས་ལུགས་ཁྱབ་ཁོངས་སུ་དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པའི་གཏམ་རྒྱུད་བཤད་པ་དང་། གསར་བརྗེའི་གླུ་གཞས་འགྲན་སྡུར། རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད། ཐང་ག་འབྲི་བ། བོད་སྐད་ཀྱི་ལམ་ནས་སྙན་ངག་འབྲི་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

གསར་བརྗེའི་གཏམ་རྒྱུད་གྱེར་ཀློག་གིས་འདས་པའི་ལོ་ཟླར་བསྐྱར་དྲན་བྱེད།

དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པའི་གཏམ་རྒྱུད་བཤད་པའི་ནང་འགྲན་ཞུགས་པས་ཆབ་མདོའི་གཡུལ་འགྱེད་དང་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པ། ལྷོ་རོང་གི་མི་རིགས་མཐུན་སྒྲིལ་འབད་འཐབ་སོགས་ཀྱི་ལོ་རྒྱུས་དཔྱད་གཞིར་བྱས་ཏེ། 《གངས་རིའི་བླ་སྲོག》《ཁུང་ཧྥན་སུན》སོགས་ཀྱི་གསར་བརྗེའི་བྱས་རྗེས་བཤད་དེ་ལྟད་མོ་བར་མིག་ཆུ་ཤོར་དུ་བཅུག་ཡོད། ཐེངས་འདིའི་བྱེད་སྒོ་ནི་གསར་བརྗེའི་ལོ་རྒྱུས་ལ་མ་ལག་ལྡན་པའི་སྒོ་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་ལ། གསར་བརྗེའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་སྟོབས་ཅིག་དེ་བས་ཀྱང་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གསར་བརྗེའི་གཞི་རྒྱུ་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་སྐུལ་སློང་བྱས་ཏེ་དཔའ་ངར་ཆེན་པོའི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་པ་འདོན་རྒྱུ་དེ་ཡིན།

གསར་བརྗེའི་གླུ་གཞས་བླངས་ཏེ་རྒྱལ་གཅེས་བརྩེ་བ་བརྒྱུད་སྤེལ་བྱེད།

འགྲན་སྡུར་ཡུལ་དངོས་སུ་དགོན་སྡེའི་གྲྭ་བཙུན་དང་དགོན་སྡོད་ལས་བྱེད་པ་ལས་གྲུབ་པའི་འགྲན་ཞུགས་རུ་ཁག་གིས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》《ལ་གླུ་སྙན་མོ་ཏང་ལ་འབུལ》《སྐར་ལྔའི་དར་དམར》བཅས་ཀྱི་གདངས་དབྱངས་སྙན་མོའི་ཐོག་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པ་དང་། གླུ་ཚིག་རེ་རེ་ཡིས་ཆོས་ལུགས་ཁྱབ་ཁོངས་ཀྱི་མི་སྣས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བརྟན་པོ་བརྒྱུད་བསྒྲགས་བྱས་ཡོད།

པིར་སྨྱུག་ལམ་ནས་རྒྱལ་གཅེས་ལེའུ་འབྲི་བར་བྱེད།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འབྲི་བ་དང་བོད་ཡིག་ཡིག་གཟུགས་འབྲི་བའི་འགྲན་སྡུར་ནང་འགྲན་ཞུགས་པས་པིར་སྨྱུག་ལམ་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་ཏང་ལ་བསྟོད་གླུ་བྲིས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)