འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ·དར་རྒྱས་ཡར་བརྩོན”ལས་བྱེད་པའི་སྦྱོང་བརྡར་ཆེ་མོའི་རིག་རྩལ་འཁྲབ་སྟོན་གྱི་ཐོག་མའི་འགྲན་སྡུར་དེ་ཆབ་མདོའི་ཟློས་གར་ཁང་དུ་གཉེར་བ་རེད།
《དར་དམར》《རྒྱལ་ཁབ》《ལ་གླུ་སྙན་མོ་ཏང་ལ་འབུལ》བཅས་གླུ་གཞས་ཀྱིས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་དབྱངས་སུ་གྱེར་བ་དང་།《ཧོ་ཡོན་ཅཱ》ཡིས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སྣང་མངོན་པར་བྱས་པ་རེད།
ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད། གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་། གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་བཅས་ཀྱིས་ཐུན་མོང་གིས་འཁྲབ་སྟོན་བྱས་པའི་ལེ་ཚན《མེས་རྒྱལ་གྱིས་ནམ་ཡང་བརྗེད་མི་སྲིད》ལ་བྱ་དགའ་ཨང་དང་པོ་དང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ཆབ་མདོ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་བྱ་དགའ་ཨང་གཉིས་པ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་དང་། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)