国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月20日

ལའོ་ཆིན་འུའུ་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་མཇུག་འགྲིལ་མཛད་སྒོ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས13ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཆབ་མདོ་གྲོང་ཁྱེར་གྱི་སྲིད་གཞུང་ཁོངས་གཏོགས་ཀྱི་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་མཇུག་འགྲིལ་མཛད་སྒོ་ཞུགས་པ་རེད། ཁོང་གིས་སྲིད་གཞུང་ལས་ཁུངས་ཀྱི་ལས་དོན་གྱིས་ལག་ལེན་རང་བཞིན་དང་ལག་བསྟར་ནུས་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། གཞུང་དོན་ཁང་གི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་གཞུང་དོན་ཁང་ནི་སྲིད་གཞུང་གི་ལས་དོན་འཁོར་སྐྱོད་བྱེད་པའི“གཙོ་འགྱུར་དབང་རྩ”ལྟ་བུ་ཞིག་ཡིན་པས། ལག་བསྟར་ཕན་ནུས་ཐད་ཀར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་ཕན་འབྲས་དང་འབྲེལ་བ་ཡོད། གསོ་སྦྱོང་ལ་ཞུགས་མཁན་ཡོངས་ཀྱིས་ཐེངས་འདིའི་གསོ་སྦྱོང་འགག་རྩ་བཟུང་ནས་སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་། ཤེས་བྱའི་རིགས་ལ་སློབ་སྦྱོང་བྱས་ཏེ་ཤེས་བྱའི་སྒྲིག་གཞི་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཞབས་ཞུའི་ཕན་ནུས་མཐོར་འདེགས་བྱགཏོང་དགོས། ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ་དང་། ཚད་ལྡན་ཅན་གྱི་རྒྱུ་ཆ་ལེགས་སྒྲིག་བྱེད་པའི་སྒྲིག་སྲོལ་འཛུགས་པ་དང་འགུལ་རྣམ་གསར་པའི་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་གཏོད་དེ་མ་ལག་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་བྱ་ཐབས་ཀྱི་ཐོག་ནས་ཁ་ཐོར་གྱི་ལག་ལེན་གྲུབ་འབྲས་དེ་ཡུན་ཕན་གྱི་ལས་དོན་ཐོན་ཁུངས་སུ་འགྱུར་བར་བྱེད་དགོས། ལག་ལེན་གྱི་འཐབ་ས་དང་པོ་ཟབ་ཞུགས་བྱེད་པ་དང་རང་འགུལ་ཐོག་གཤམ་སྐྱོད་རྟོག་ཞིབ་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག་བཅས་ཐག་གཅོད་བྱེད་པའི་ཁྲོད་འཇོན་ཐང་སྦྱོང་བརྡར་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡིས་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་གཅེས་སྤྲས་བྱས་ཏེ། སློབ་སྦྱོང་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་འཁུར་ཕོད་པ་བྱས་ནས་མི་སྒེར་གྱི་རིན་ཐང་དང་བྱ་གཞག་འཕེལ་རྒྱས་ཀྱི་བསམ་སྤྱོད་གཅིག་མཐུན་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)