国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月20日

ཆབ་མདོ་གྲོང་ཁྱེར་གྱིས“བདེ་འཇགས་དྲིལ་བསྒྲགས་བློ་འདྲི་ཉིན་མོའི”བྱེད་སྒོ་སྤེལ་བ།

འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་དྲིལ་བསྒྲགས་ཡིག་ཆ་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས16ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་སྒྲུབ་ཁང་དང་ཆབ་མདོ་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་ཇ་རྟ་ཐང་ཆེན་དུ་ཆབ་མདོ་གྲོང་ཁྱེར་གྱི2025ལོའི“བདེ་འཇགས་དྲིལ་བསྒྲགས་བློ་འདྲི་ཉིན་མོའི”བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་རྣམ་གཉིས་བྱེད་སྒོ་ཞུགས་པ་མ་ཟད་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཡོད།

བྱེད་སྒོ་ཡུལ་དངོས་སུ་ལས་ཁུངས་ཁག་གིས་འགྲེམ་པང་བཤམ་སྟོན་དང་བདེ་འཇགས་སྒྲོག་འགྲེལ། དཔྱད་གཞིའི་ཡིག་རིགས་འགྲེམ་གཏོང་སོགས་བྱས་པ་བརྒྱུད། སྤྱི་དམངས་ལ་རིགས་སོ་སོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྱི་འབྱུང་རྐྱེན་དང་། དབྱེ་འབྱེད་ངོས་འཛིན་བྱེད་སྟངས། ཐག་གཅོད་བྱེད་ཐབས་སོགས་དྲིལ་བསྒྲགས་ཁྱབ་གདལ་དུ་བཏང་སྟེ། བདེ་འཇགས་དོགས་ཟོན་གྱི་ལན་སློག་ནུས་པ་ཇེ་མཐོར་བཏང་བ་དང་། དམངས་ཡོངས་ཀྱི་བདེ་འཇགས་ཉེན་ཁའི་འདུ་ཤེས་དང་གནོད་འགོག་གནོད་སེལ། རྒུད་སྐྱོབ་ཐག་གཅོད་ནུས་པ་གང་ནུས་སྒོས་ཆེ་རུ་བཏང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)