འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཆབ་དགོན་བྱམས་པ་གླིང་གིས“དམར་མདངས་ཆབ་མདོ·དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཐོག་བྱམས་པ་གླིང་དགོན་པའི་འགན་འཁུར་བས་ཤིས་ཚིག་ཕུལ་ཞིང་། ཤིས་ཚིག་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60རིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆབ་མདོའི་ཆབ་དཔལ་རིག་གསུམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བར་ཕྱིར་དྲན་བྱས་ཡོད། དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པ་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་བསམ་པ་བསྟན་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)