འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་། ལིས་གོ་ཅན། ཝུའུ་དབྱིང་ཧུའེ། ཉི་མ་ཚེ་རིང་། ཝུའུ་ཅན། མིག་ཚེ། ཡང་ཝུན་ཧྲན་བཅས་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་མིག་སྔར་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་པོར་དམིགས་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཛད་སྤྱོད་ཆེར་སྐྱེད་དང་ནང་མཁོ་རྒྱ་སྐྱེད་ཤུགས་ཆེན་བཏང་ནས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཏེ་ནུས་ཤུགས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་ངང་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ནན་ཏན་བྱས་ཏེ་འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོཌ་དང་། བྱ་ཐབས་གལ་ཆེན་དང་གཙོ་གནད་རྣམ་གྲངས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། འགྲོ་གྲོན་དོ་དམ་སོགས་ཀྱི་ལམ་ལུགས་ཞིབ་སྲོལ་འཐུས་ཚང་དང་ལམ་ལུགས་ཀྱི་ཞན་ཆ་གསབ་པ། ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ་བྱེད་དགོས། སྲིད་དོན་སྤྱི་བསྒྲགས་ཟབ་ཏུ་བཏང་སྟེ། ཐབས་ཇུས་སྤྱི་བསྒྲགས་དང་། ལག་བསྟར་སྤྱི་བསྒྲགས། དོ་དམ་སྤྱི་བསྒྲགས། ཞབས་ཞུ་སྤྱི་བསྒྲགས། མཇུག་འབྲས་སྤྱི་བསྒྲགས་བཅས་ལ་སྐུལ་འདེད་གཏོང་དགོས། སྲིད་གཙང་ཆེད་དོན་གསབ་སྦྱོང་དང་ཉེན་ཟོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པའི་ནན་བཤད་གནང་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)