国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月20日

ཀྲོང་ཅིན་སུང་གིས་ཁྲེན་ཏུའུ་ཇུས་འགོད་བློ་འདྲི་ཚོགས་པ་དང་ཁྲེན་ཏུའུ་འཛུགས་སྐྲུན་ལས་གྲྭ་ཚོགས་པའི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཁྲེན་ཏུའུ་ཇུས་འགོད་བློ་འདྲི་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ལུའུ་ཧུའེ་དང་། ཁྲེན་ཏུའུ་འཛུགས་སྐྲུན་ལས་གྲྭ་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཏུང་ཧྲི་སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ཆའོ་ཏའོ་ཧན་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་ལུའུ་ཧུའེ་དང་ཆའོ་ཏའོ་ཧན་རྣམ་གཉིས་ཆབ་མདོར་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཆབ་མདོ་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་དང་།

ལྷག་པར་དུ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། གྲོང་ཁྱེར་འཆར་འགོད་དང་། གསར་སྤེལ་འཛུགས་སྐྲུན། དོ་དམ་འཁོར་སྐྱོད་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་དང་ཁ་ཚ་དགོས་གཏུག་གི་དགོས་མཁོ་ལྡན་ཡོད། ཁྲེན་ཏུའུ་ཇུས་འགོད་བློ་འདྲི་ཚོགས་པ་དང་ཁྲེན་ཏུའུ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་ཆེད་ལས་ཀྱི་ལེགས་ཆ་དང་ལེགས་གྲུབ་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་ཏེ་འཚོལ་ཞིབ་ཡང་དག་གིས་ཆབ་མདོའི་དཔལ་འབྱོར་འཛུགས་སྐྲུན་གྱི་མཐུན་ས་དང་ཤུགས་རྒྱག་སར་ཟབ་ཞུགས་བྱེད་པ་དང་། གསར་གཏོད་གྲུབ་འབྲས་དང་སྤུས་ལེགས་ཐོན་ཁུངས་དེ་བས་མང་པོ་ཆབ་མདོར་བེད་སྤྱོད་གཏོང་བ། ཆབ་མདོའི་ཐོན་ལས་ཀྱི་བཀོད་པ་ཆེར་གཏོང་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་དང་མཉམ་འབྲས་ཀྱི་ཕན་འབྲས་མཐོར་འདེགས་སུ་བཏང་ནས་ཆབ་མདོའི་གྲོང་ཁྱེར་དེང་རབས་ཅན་འཕེལ་རྒྱས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།

ལུའུ་ཧུའེ་དང་ཆའོ་ཏའོ་ཧན་རྣམ་གཉིས་ཀྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁྲེན་ཏུའུ་ཇུས་འགོད་བློ་འདྲི་ཚོགས་པ་དང་ཁྲེན་ཏུའུ་འཛུགས་སྐྲུན་ལས་གྲྭ་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གཏིང་ཟབ་ཀྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་དང་རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁྲི་མངོན་པར་བྱས་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་བསམ་པ་བསྟན།

(དཔལ་ཐར་རྒྱལ་གྱིས་བསྒྱུར)