国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月17日

ཀྲོང་ཅིན་སུང་གིས་གསར་དུ་བསྐོས་པའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསར་དུ་བསྐོས་པའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ་རེད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཆུང་བདག་དང་། ཙུའུ་ཀྲང་གཞོན་པ་ལིས་ཝེ་ཧྥུང་རྣམ་གཉིས་ཚོགས་འདུ་ཕེབས་ཏེ་མཛུབ་ཁྲིད་གནང་ཡོད།

ཀྲོང་ཅིན་སུང་གིས་ཐེངས་ཁ་ཤས་ལས་བྱེད་པ་ལེགས་སྒྲིག་བྱས་པའི་དམིགས་ཡུལ་ནི་མི་སྤྱོད་སྟོན་ཕྱོགས་ཁ་གསལ་འཛུགས་པ་དང་། ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པར་སྐུལ་མ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྒྲིག་གཞི་ལེགས་གཏོང་། འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བཅས་བྱས་ཏེ། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་སྣོན་བརྒྱབ་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལས་བྱེད་པའི་དཔུང་ཁག་གི་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱ་རྒྱུ་དེ་ཡིན་ཅེས་བསྟན།

ཀྲོང་ཅིན་སུང་གིས་“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་འགུལ་ཐོག་རང་རྟོགས་ངང་ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་ཟོལ་མེད་ཀྱི་དཔེ་བཟང་ལག་ལེན་པ་དང་། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོར་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག རང་རྟོགས་ངང་ཐེག་པ་འཁུར་ལེན་བྱེད་མཁན་གྱི་དཔེ་སྟོན་སྣེ་ཁྲིད་མཁན་ཞིག་བྱེད་རྒྱུའི་བླང་བྱ་བཏོན་ཡོད།

ཀྲོང་ཅིན་སུང་གིས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཆབ་མདོ་ནི“གང་ཞིག་ཡིན་པ། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ”གསལ་འབྱེད་བྱས་ཏེ། རང་འགུལ་ཐོག་ཆབ་མདོར་ངོས་འཛིན་དང་། ཆབ་མདོར་ངེས་གཏན། ཆབ་མདོར་འཛུགས་སྐྲུན་གྱིས་སྲིད་ཇུས་དང་། ཐོན་ཁུངས། ངེས་གནས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏན་འགྱུར་བར་བྱེད་པ་དང་། ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་པའི་ཐོག་ནས་“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི”ལ་རྒྱ་དང་གཟི་བརྗིད་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)