国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月17日

དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2015ལོའི་ཟླ་10པ་ནས་2025ལོའི་ཟླ་4པའི་བར་གནང་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ནས་དྲངས་པ་ཞིག་རེད།

རྩོམ་ཡིག་ནང་ནན་བཤད་གནང་དོན། ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་རྒྱུན་ཆད་མེད་པར་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་སོང་བར་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཚད་བཏོན་ཡོད། ལོ་ལྔའི་འཆར་འགོད་དང་པོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བར་རྒྱུན་སྲིང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་དེ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། བརྒྱུད་རིམ་དེའི་ཁྲོད་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་ཐད་ཟམ་མི་ཆད་པར་གཏིང་ཟབ་ཏུ་དང་། འཐབ་ཇུས་ཐད་རྒྱུན་ཆད་མེད་པར་གནད་ལ་སྨིན་པ། ལག་ལེན་ཐད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཅས་ཕྱིན་ནས་རང་རྒྱལ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་མཚམས་དང་ཁྱབ་ཁོངས་ཕྱེ་ནས་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་པས། དུས་མཚམས་ཁག་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་དང་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པར་ཡང་རྩེ་རིམ་ཇུས་འགོད་བྱེད་དགོས་ཀྱི་ཡོད། འཛམ་གླིང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་རེ་འདུན་གསལ་པོ་ཤེས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ། གཏན་ལ་ཕབ་པའི་འཆར་འགོད་དང་སྲིད་ཇུས་མ་ལག་དེ་ཉིད་དུས་རབས་ཀྱི་རང་བཞིན་མཚོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ཕུན་སུམ་ཚོགས་པ་བཅས་ཡོང་བ་བྱེད་དགོས་པ་མ་ཟད། ད་དུང་ཉེ་རིང་ཟུང་འབྲེལ་དང་། གོང་འོག་འབྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་ཡོང་བའང་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་དང་། མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོའི་རྒྱལ་ཁབ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཤིག་ཡིན། བྱེད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད་ཡག་པོ་ཚང་མ་མི་དམངས་ཀྱི་འདོད་བློར་བསྟུན་དགོས་པ་དང་མི་དམངས་ཀྱི་བསམ་པ་དང་རེ་འདུན་དང་མཐུན་པར་བྱས་ཏེ། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་དགོས། ལོ་ལྔའི་འཆར་འགོད་བཟོ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་གྲོས་འགོ་དམངས་ལ་འདྲི་བ་མཐའ་འཁྱོངས་བྱ་རྒྱུ་གཅིག་གྱུར་བྱས་ཏེ་སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། རིགས་གཅིག་མཁས་ཅན་གྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་འཆར་འགོད་བཟོ་བའི་ནང་བསྡུ་ལེན་གང་ཐུབ་བྱེད་དགོས།

རྩོམ་ཡིག་ནང་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་འགོད་སྐབས། ངེས་པར་དུ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དུས་མཚམས་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་གཞིགས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྱབ་ཁོངས་རེ་རེ་བཞིན་ལུགས་མཐུན་ངང་དམིགས་ཚད་ལས་འགན་གཏན་འཁེལ་དང་བསམ་ཕྱོགས་བྱེད་ཐབས་འདོན་དགོས། ཕྱོགས་ཁག་གི་དམིགས་ཚད་ལས་འགན་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། ཚན་རིག་གནད་སྨིན་ཡོང་བ་དང་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་འདོམས་འཆར་འགོད་བྱེད་རིང་འགག་རྩའི་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ལ་དམ་འཛིན་བྱེད་པ་དང་། དལ་ལྷོད་དང་མྱུར་ཚད་སྟངས་འཛིན་ཡག་པོ་བྱེད་པ། དེ་བཞིན་ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། འཇུར་མིག་དང་འགག་གནས་གཤོང་བ། ཆད་སྐྱོན་དང་ཞན་ཆ་སེལ་རྒྱུ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་བཅས་ལ་མཐོང་ཆེན་བྱས་ཏེ་དམིགས་ཚད་ཧྲིལ་པོ་དང་ཁ་ཕྱོགས་གཅིག་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ས་ཁུལ་ཁག་གིས་ས་ཁུལ་དེ་གའི་འཆར་འགོད་བཟོ་སྐབས་དོན་དངོས་དང་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། འཆར་འགོད་ལག་བསྟར་བྱེད་ནུས་དང་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས།