འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཞུང་ལམ་G214ལྕགས་ཁ་ནས་སྤོམ་མདའ་གནམ་ཐང་བར་གྱི་རྒྱ་སྐྱེད་ལས་གྲྭར་འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ་ཆེན་པོ་བྱུང་ཡོད་པ་སྟེ། 2025ལོའི་ཟླ6ཚེས11ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དངོས་སུ་གཞུང་ལམ་G214ལྕགས་ཁ་ནས་སྤོམ་མདའ་གནམ་ཐང་བར་གྱི་རྒྱ་སྐྱེད་ལས་གྲྭའི་ཆོག་འཐུས་ཞིབ་འཇུག་སྙན་ཞུར་བཀའ་མཆན་འབྱོར་བ་རེད། བཀའ་མཆན་དེ་འབྱོར་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཆེད་དོན་མི་སྣས་དཀའ་སྤྱད་འབད་བརྩོན་གནང་བ་ཞིག་ཡིན་པས། རྣམ་གྲངས་དེའི་ཐོག་མའི་དུས་མཚམས་ཀྱི་ལས་དོན་ལ་ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་ཁ་ཐོབ་པ་མཚོན་གྱི་ཡོད་པར་མ་ཟད། རྣམ་གྲངས་དངོས་ལས་འགོ་འཛུགས་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཆབ་མདོར་ད་ཡོད་ཀྱི་རིམ་མཐོའི་གཞུང་ལམ་སྤྱི་ལེ27.1ནས་སྤྱི་ལེ་97.8བར་ཇེ་རིང་དུ་འགྲོ་རྒྱུ་ཡིན་པ་དང་། གྲོང་ཁུལ་ནས་གནམ་ཐང་བར་གྱི་ལམ་ཐག་དེ་སྤྱི་ལེ140ཙམ་ནས་སྤྱི་ལེ97.8བར་ཇེ་ཐུང་དུ་འགྲོ་རྒྱུ་རེད། སྔོན་མ་ལམ་བར་དུ་ཆུ་ཚོད2ཙམ་འགྲོ་དགོས་པ་དེ་ཆུ་ཚོད1གི་ནང་ཚུན་དུ་འབྱོར་གྱི་ཡོད་པས། དེས་ཆབ་མདོ་ནས་ཁྲེན་ཏུའུ་དང་། ཁྲུང་ཆིང་། ལྷ་ས་བཅས་དབར་གྱི་བར་ཐག་ཇེ་ཐུང་དུ་བཏང་ཐུབ་ཀྱི་ཡོད།
གོམ་སྟབས་རྗེས་མར་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་བཀའ་མཆན་ཐོབ་པ་སྒུལ་ཤུགས་ཆེན་པོ་བརྩིས་ནས། གཞུང་ལམ་G214ལྕགས་ཁ་ནས་སྤོམ་མདའ་གནམ་ཐང་བར་གྱི་རྒྱ་སྐྱེད་ལས་གྲྭ་དེ་ལོ་འདིའི་ནང་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)