འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས12ཉིན། ཐེན་ཅིང་ཐའེ་དར་རྒྱལ་སྤྱིའི་སྙིང་རྩ་སྨན་ཁང་དང་ཆབ་མདོ་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཆབ་མདོ་གྲོང་ཁྱེར་གྱི2025ལོའི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་བརྟག་དཔྱད་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་རེས་སྐོར་གཉིས་པ་དེ་སྤེལ་བ་རེད།
ད་རེས་ཀྱི་བརྟག་དཔྱད་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་འདི་ནི་ཐེན་ཅིང་ཐའེ་དར་རྒྱལ་སྤྱིའི་སྙིང་རྩ་སྨན་ཁང་གིས་རང་རེའི་གྲོང་ཁྱེར་དང་མཉམ་ལས་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་རྣམས་ལ་རིན་མི་དགོས་པར་བརྟག་དཔྱད་གནང་བ་
རེད། བྱེད་སྒོ་འདི་སྤེལ་དོན་གཙོ་བོ་ནི་དེ་སྔོན་བརྟག་དཔྱད་ཀྱི་སྐབས་སུ་སྙིང་ནད་ཡོད་ས་རེད་བསམ་པའི་བྱིས་པ་རྣམས་ལ་ད་རེས་སླར་ཡང་བརྟག་དཔྱད་གནང་བར་མ་ཟད་གསར་དུ་ཤེས་རྟོགས་བྱུང་བའི་ནད་ཅན་བྱིས་པ་རྣམས་ལ་བརྟག་དཔྱད་ཞིབ་ཕྲ་གནང་ནས་བྱིས་པ་གཅིག་ཀྱང་མ་ལུས་པ་དང་ནད་ངོ་ཡང་དག་ཟིན་པར་བྱས་ཡོད།
བྱེད་སྒོ་སྤེལ་སྐབས་ཆེད་མཁས་ཚོགས་པས་ཉན་དཔྱད་དང་སྙིང་པར་སོགས་ཐབས་ལ་བརྟེན་ནས་བྱིས་པ69ལ་བརྟག་དཔྱད་བྱས་པས་མཐར་བྱིས་པ6ལ་སྙིང་ནད་ཡོད་པ་ཤེས་རྟོགས་བྱུང་ཡོད། གཤགས་བཅོས་བྱེད་རུང་བའི་བྱིས་པ་རྣམས་སྤྱི་ཟླ་དྲུག་པའི་ཟླ་མཇུག་སྔོན་ལ་ཐེན་ཅིང་ལ་ཁྲིད་དེ་རིན་མེད་ངང་གཤགས་བཅོས་བྱ་རྒྱུ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)