国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月17日

གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གནད་བསྡུས་ལ་ཞིབ་ཕྲའི་ངང་སློབ་སྦྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་གསུང་བཤད་གནང་ཡོད།

ཚོགས་འདུའི་ཐོག ཧའར་པིང་བཟོ་ལས་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཆིས་ཧྲི་ཡུག་གིས་བརྙན་ལམ་ཐོག་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

ཀྲང་ཅན་ཧྭ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། འཕེལ་རྒྱས་ཀྱི་འབྲེལ་བ་སྣ་ཚོགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། དུས་ཚིགས་གཉིས་པ་དང་གསུམ་པར་དམ་འཛིན་ནན་པོ་བྱེད་པ། ཐོན་ལས་དང་པོའི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་གཉིས་པའི་ནང་ཁུལ་གྱི་གྲུབ་ཆ་ལེགས་སུ་གཏོང་བ། ཐོན་ལས་གསུམ་པའི་འཕེལ་རྒྱས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།“ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་དཔལ་འབྱོར་འཁོར་སྐྱོད་ལ་དོ་དམ་བྱེད་དགོས་པའི”འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། རང་འགུལ་ངང་ལས་འགན་འབྲེལ་མཐུད་དང་རྩིས་ལེན་བྱས་ཏེ་དམིགས་ཚད་ཁག་ལས་གནས་དང་། མི་སྣ། ལས་དོན་བཅས་སུ་དོན་འཁྱོལ་ཐུབ་པ་བྱས་ནས་ཆབ་མདོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)