国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月17日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས11ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཡིག་སྐུར་ངོ་བཅར་དང་། ཟས་རིགས་བདེ་འཇགས། བོད་སྨན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་སྙན་སེང་ལ་གསན་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་། ལིས་གོ་ཅན། ཝུའུ་དབྱིང་ཧའེ། ཉི་མ་ཚེ་རིང་། ཝུའུ་ཅན། མིག་ཚེ། ཡང་ཝུན་ཧྲན་བཅས་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་ཚུགས་གནས་མཐོ་རུ་བཏང་ནས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ། “འགྱངས་ཆད་གཉིས”དང་དེ་སྔར་ཐག་མ་ཆོད་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ཤིང་། ཡིག་བསྐུར་ངོ་བཅར་གྱི་དོན་དག་རྣམས་ཁྲིམས་སྐྱོང་གི་ཐབས་ལ་བརྟེན་ནས་ཐག་གཅོད་གོ་འཕེར་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ནས་མཉམ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། “བཟའ་བཅའི་བདེ་འཇགས”ཀྱི་བྱ་སྤྱོད་སྤེལ་སྟེ་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ལའོ་ཆིན་འུའུ་ཡིས་བོད་ལུགས་གསོ་རིག་གི་ཚན་ཞིབ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་བྱས་ཏེ་ནད་ཐོག་སྨན་བཅོས་དང་བདེ་ཐང་ལུས་གསོ་སོགས་ཀྱི་ཁྱབ་ཁོངས་སུ་བོད་ལུགས་གསོ་རིག་རྒྱ་ཆེར་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བོད་ལུགས་གསོ་རིག་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁམས་གསོའི་ཞབས་ཞུ་མ་ལག་ལེགས་སུ་གཏོང་བ་དང་། ས་མཐོའི་ཁམས་གསོའི་རྣམ་པ་གསར་པ་གཏོད་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)