国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月17日

ཡུས་ཀུའོ་ཀའོ། འཛུམ་མདངས་ཁྲོད་ཀྱི་དར་རྒྱས་ལམ་བུ།

ཡུས་ཀུའོ་ཀའོ་ཡིས་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་སྡེ་སྨད་གྲོང་ཚོར་སྤུས་ལེགས་བཞོན་མ168སྤྲད་པ།

“ལམ་འདིའི་ཐོག་ནས་ཉིན་བདུན་བརྒྱ་ལྷག་ལ་སོང་ཟིན། དེ་རིང་གཞི་ནས་རྫོགས་ཚིག་བྲིས་པ་ཡིན། ཡིན་ནའང་གྲོང་མི་ཚོའི་འཛུམ་མདངས་ངའི་སེམས་ནང་ཡོད་པས་ནམ་ཡང་བརྗེད་མི་སྲིད”ལས་འགན་མཇུག་འགྲིལ་ལ་ཉེ་དུས། ཡུས་ཀུའོ་ཀའོ་ཡིས་དེ་ལྟར་བཤད།

“ངའི་མིང་ལ་ཡུས་ཀུའོ་ཀའོ་ཟེར། 2023ལོའི་ཟླ5པར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་སྡེ་སྨད་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་བ་ཡིན”ཡུས་ཀུའོ་ཀའོ་ཡིས་རང་ཉིད་ངོ་སྤྲོད་འདི་ལྟར་བྱས་པ་རེད།

ཐེངས་དང་པོ་སྡེ་སྨད་གྲོང་ཚོ་སླེབས་དུས་ཡུས་ཀུའོ་ཀའོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ས་བབ་མཐོ་ཚད་སྨི4200ཟིན་པའི་འབྲོག་པས་མི་རབས་བར་རྒྱུད་འཛིན་བྱས་པའི་མར་བཟོའི་ལག་རྩལ་ལ་དམིགས་བསལ་གྱི་དགེ་མཚན་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཁོས་དེ་མ་ཐག་ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ལ་མ་དངུལ་བརྩོན་བྱས་མཐར་བོད་སྐྱོར་མ་དངུལ་སྒོར་ཁྲི60གི་རེ་ཞུ་ཐུབ་པ་བྱུང་བ་དང་། མཉམ་ལས་ཁང་བཙུགས་ཏེ་ཐོན་ལས་དར་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་མགོ་ཚུགས་པ་རེད།

2024ལོའི་དཔྱིད་ཀར། སྤུས་ལེགས་འབྲི་མོ168གྲོང་མིའི་ལག་ཏུ་སྤྲད་རྒྱུ་བྱུང་བ་རེད།

ཁོས་གྲོང་མིའི་སྣེ་ཁྲིད་དེ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཧུར་ཐག་ངང་གོ་འཇོ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་དང་མཐུན་སྦྱོར་བྱས་ཏེ་རྣམ་གྲངས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ལེགས་གྲུབ་བྱུང་ནས་སྡེ་སྨད་གྲོང་ཚོར་གསོན་ཤིང་རྐང14700བཙུགས་པ་རེད། མཉམ་ལས་ཁང་གི་འགན་འཁུར་བ་སངས་རྒྱས་རྒྱ་མཚོ་ཡིས“གསོན་ཤིང་བཙུགས་པ་དེས་ཁྱིམ་གཞི་སྔོ་ལྗང་ཅན་དུ་གྱུར་བ་མ་ཟད། ད་དུང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐད་ཀར་སྒོར་ཁྲི7གྱི་ཡོང་འབབ་འཕར་སྣོན་བྱུང་བ་རེད”ཞེས་བཤད།

ཉིན700ལྷག་ཙམ་ལ། ངས་སྡེ་སྨད་གྲོང་ཚོར་གཞི་རིམ་བཅོས་སྐྱོང་གི་གསོན་ཉམས་དོད་ཤོས་ཀྱི་སློབ་ཚན་སྐོར་ལ་ཤེས་རྟོགས་ཡག་པོ་ཐུབ་བྱུང་། འཐུང་ཆུའི་རྒྱས་སྐྲུན་ལས་གྲྭ་ལས་ཆུ་མིག་བཞུར་བ་དང་། ཐོན་ལས་ཀྱི་ཁེ་སྤོགས་ལས་ཡོང་འབབ་མང་དུ་འགྲོ་བ། དང་བླངས་ཞབས་ཞུའི་རུ་ཁག་དེ་ཁྱིམ་མཚེས་དབར་གྱི་དྲོ་སྐྱིད་ལྡན་པའི་ཕྱག་བཏང་ཏུ་གྱུར་བ་རྣམས་སྔ་མོ་ནས་ངའི་ཆེས་དྲོད་ཁོལ་ལྡན་པའི་དྲན་ཤེས་སུ་བརྐོས་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བརྗེས་བ་ནི་ལས་འགན་རྒྱུན་འཛིན་བྱས་པ་ཞིག་ཡིན་ལ་ཐོག་མའི་བསམ་འདུན་རྒྱུན་འཛིན་བྱས་པ་ཞིག་ཀྱང་ཡིན། བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་སྡེ་སྨད་གྲོང་ཚོའི་གཏམ་རྒྱུད་ནམ་ཡང་གསར་རྩོམ་བྱས་དང་བྱེད་མུས་སུ་ཡོད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)