འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས13ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། 《སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》
(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།
ཀྲོང་ཅིན་སུང་གིས་ཐེངས་འདིའི་ཚོགས་འདུ་མཚོན་རྟགས་སུ་བྱས་ཏེ། གྲོང་ཁྱེར་ཡོངས་སུ་སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་དངོས་སུ་འགོ་ཚུགས་པ་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་ཐག་ཆོད་པོས་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་ཕོད་པ་བཅས་བྱས་ཏེ། རྔ་གསང་ཤུགས་རྡུང་དང་མཐུ་སྨན་ནད་བཅོས་ཀྱི་ཆོད་སེམས་དང་། འདུ་ཤེས། བྱ་ཐབས་བཅས་ཀྱི་ཐོག་ནས་སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་ཆབ་མདོར་རྒྱུན་བསྲིང་ལྷོད་མེད་ཀྱིས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་བྱས་ཏེ་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ཏེ་སྒྲིག་ཁྲིམས་ཀྱི་བླང་བྱ་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་། ཕྱི་ལག་ལེན་དུ་འཁྱོལ་བ་བྱེད་དགོས།
གཙོ་གནད་ལས་འགན་ཁག་རེ་རེ་བཞིན་ཚགས་གསིང་དང་གནད་དོན་འཚོལ་རྒྱུ་ནན་ཏན་ཞིབ་བསྡུར་བྱེད་པ་དང་། ཞིབ་བསྡུར་ལས་ཐོན་པའི་གནད་དོན་རེ་རེ་བཞིན་དག་ཐེར་མེད་པར་བཟོས་ཏེ། སྒྲིག་འགལ་ངང་བཟའ་བཏུང་བྱ་རྒྱུར་སྔོན་འགོག་དང་བཅོས་སྒྲིག་བྱེད་པའི་ལམ་ལུགས་དང་གཏན་འབེབས་སྔར་ལས་འཐུས་ཚང་དུ་གཏོང་དགོས། འཛེམ་མེད་དམར་འདོན་དང་སྤྱོད་རུལ་མཉམ་བཤེར་མཐའ་འཁྱོངས་བྱེད་པ་དང་། རང་གཤིས་དམར་རྗེན་དང་། དཔེ་མཚོན། བརྡ་ཁྱབ་བཅས་དམ་འཛིན་བྱས་ཏེ་རུལ་སུངས་ཐོན་པའི་ཁོར་ཡུག་མཐའ་གཅིག་ཏུ་རྩ་མེད་བཟོ་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་། འབྲེལ་ཡོད་ཀྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད། གྲོང་ཁྱེར་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་ཞུགས་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)