国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月13日

འགོ་ཚུགས་ས་གསར་པ། ཞབས་ཞུ་གསར་པ། འབྱུང་འགྱུར་གསར་པ།

2025ལོར་འཇོ་མདའ་རྫོང་གི་མི་དམངས་སྨན་ཁང་གླིང་ཁུལ་གསར་པ་རྫོང་ཁུལ་དུ་གནས་སྤོ་ཐེངས་གཉིས་པ་བྱས་པ་དང་འབྲེལ་སྤྱོད་མགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁང་གསར་པའི་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ14446ཙམ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ21200ཙམ་ཡོད། སྒོ་བསྟེན་ཁང་དང་། ཞག་སྡོད་ཁང་། འགོས་ནད་ཁང་། ཞོར་གཏོགས་ཁང་སོགས་ཡོད་ལ་ཉལ་ཁྲི་174ཁ་སྣོན་བྱས་ཡོད། ཚན་ཁག་འཛུགས་སྐྲུན་དང་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་ཐད། འཇོ་མདའ་རྫོང་མི་དམངས་སྨན་ཁང་དུ་ནད་ཐོག་སྨན་བཅོས་ཚན་ཁག་མང་པོ་གསར་དུ་བསྣན་པའི་ཁར་སྔོན་ཐོན་གྱི་སྒུལ་བདེའི་འཕྲུལ་ཆས་དང་། ནད་བརྟག་ཚོན་ལྡན་འཕྲུལ་ཆས། ཁ་ཡི་སྒྲིག་ཆས། གཅིག་སྡུད་དབྱངས་དབུགས་མཁོ་སྤྲོད་མ་ལག གཅིག་སྡུད་དྲོད་གཏོང་མ་ལག རྒྱང་མཐོང་གྲོས་བརྟག་ལྟེ་གནས། གཙང་སེལ་མཁོ་སྤྲོད་ལྟེ་གནས་སོགས་བཀོད་སྒྲིག་བྱས་པས། སྨན་ཁང་གི་ཕྱོགས་བསྡུས་སྨན་བཅོས་ནུས་པ་དང་ཞབས་ཞུའི་ཆུ་སྙོམས་ཆེས་ཆེར་མཐོ་རུ་ཕྱིན་ནས་ནད་པའི་ཕྱོགས་མང་པོའི་ཐད་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཐུབ་པ་དང་ནད་པར་དེ་བས་གནད་ལ་འཁེལ་ཞིང་བདེ་འཇགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

ད་ཆ་དབང་ལྔའི་ཚན་ཁག་གིས་མིག་རྩ་དང་། མིག་མདངས་སོགས་རྒྱུན་མཐོང་གི་མིག་ནད་དང་། ཁའི་རྒྱུན་མཐོང་ནད་རིགས། རྣ་དང་། སྣ། མིད་པ་བཅས་ཀྱི་རྒྱུན་མཐོང་ནད་རིགས་སོགས་ལ་རྒྱུན་ལྡན་གྱི་བརྟག་དཔྱད་དང་སྨན་བཅོས་བྱེད་ཐུབ། ཕྲུ་གུ་དམར་འབྱར་གྱི་སྨན་ཁང་ལ་ད་ལྟ་སྔོན་ཐོན་གྱི་གསོ་སྐྱོང་སྒམ་དང་། ཕྲུ་གུ་དམར་འབྱར་གྱི་ལྟ་སྐྱོང་དཔྱད་ཆས། འོད་སྔོན་པོ་སྨན་བཅོས་ཡོ་བྱད་སོགས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ཕུལ་བྱུང་གི་སྨན་བཅོས་ཚོགས་པ་ཞིག་གིས་ཆུ་ཚོད་24ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)