འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་རིག་གནས་ཡུལ་སྐོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་2025ལོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་གྲོང་རྡལ་ཆུང་ངུ6གི་འཆར་འགོད་འཛུགས་སྐྲུན་ལས་དོན་དང་། G317“བོད་བྱང་ཐང་བརྒྱུད་ནས་ཡུལ་སྐོར་འགྲོ་ལམ”འཆར་འགོད་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་གནང་ཡོད།
ལའོ་ཆིན་འུའུ་ཡིས་འཛུགས་སྐྲུན་ཇུས་གཞི་དང་སྤྱིའི་བླང་བྱ་ཁ་གསལ་བཟོས་ཏེ་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཁུངས་སྤྱད་དེ་ཁྲོམ་ར་གཏོད་དགོས། རྒྱུ་རྐྱེན་གཙོ་བོར་བསྡུ་སྒྲིལ་དང་ནུས་པ་གཅིག་སྡུད་ལ་དམ་པོར་དམིགས་ཏེ་ཐོག་མའི་འཛུགས་སྐྲུན་ཉམས་གསོ་བེད་སྤྱོད་བྱ་རྒྱུར་སྣང་ཆེན་དང་། གྲོང་རྡལ་ཆུང་ངུའི་ནུས་པ་དང་ལས་རྣམ་གྱི་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུར་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་དགོས་ལ། ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་གྲགས་རྟགས་གཏོད་དེ་རིག་གནས་ཡུལ་སྐོར་གྱི་སྙན་གྲགས་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས G317“བོད་བྱང་ཐང་བརྒྱུད་ནས་ཡུལ་སྐོར་འགྲོ་ལམ”རྩེ་གྲ་ཞིག་འཆར་འགོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། སྡེ་ཚན་དབར་མཐུན་སྦྱོར་དང་ཐོན་ཁུངས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་གོ་རིམ་ལྡན་པའི་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བཅས་བྱེད་དགོས། ཆབ་མདོའི་མངའ་ཁོངས་ཀྱི་ཡུལ་སྐོར་མཚོན་རྟགས་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ་དང་། ཞབས་ཞུའི་ས་ཚིགས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། ལམ་རྒྱུད་ཀྱི་གྲོང་ཚོའི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཛེས་ལྗོངས་ཀྱི་རིན་ཐང་དང་ཞབས་ཞུའི་སྤུས་ཚད་གཉིས་ཀ་ལྡན་པའི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཅིག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)