国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月13日

རི་བོ་ཆེ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྲུབ་འབྲས་འགྲེམས་སྟོན་དབྱར་རྩྭ་དགུན་འབུ་བརྐོ་འཐུའི་ས་ཚིགས་སུ་བསྐྱོད་མགོ་ཚུགས་པ།

འཇིག་རྟེན་གྱི་ཨ་མ་ཞིག་གིས་བུ་ཕྲུག་རྒྱབ་ཏུ་འཁུར་ཏེ་དབྱར་རྩྭ་དགུན་འབུ་བཙལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས26ཉིན་ནས་བཟུང་། རི་བོ་ཆེ་རྫོང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་གྲུབ་འབྲས་ལེགས་སྒྱུར་བླང་བྱ་ལག་བསྟར་གཏིང་ཟབ་བྱ་ཆེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྲུབ་འབྲས་འགྲེམས་སྟོན་དབྱར་རྩྭ་དགུན་འབུ་བརྐོ་འཐུའི་ས་ཚིགས་སུ་བསྐྱོད་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི“གཤམ་སྐྱོད་གསུམ”བྱེད་སྒོ་དངོས་སུ་འགོ་ཚུགས་པ་དང་། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་བསུ་བ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་དེ་ནི་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་རྫོང་རིག་གནས་ཡུལ་སྐོར་ཅུས་དང་། རྫོང་མི་དམངས་སྨན་ཁང་། རྫོང་ཞིང་ལས་དང་ཚན་རྩལ་ཅུས་སོགས་ཚན་པ3དང་མཉམ་འབྲེལ་སྒོ་ནས“དོན་གཉེར་གྲོན་ཆུང་དང་། བདེ་འཇགས་གོ་རིམ་ལྡན་པ། མང་ཚོགས་ཞུགས་པ། ཐོན་སྐྱེད་འཚོ་བར་འཐུས་ཤོར་མི་འགྲོ་བ”བཅས་ཀྱི་རྩ་དོན་བརྩི་སྲུང་ནན་ཏན་བྱས་ཏེ། དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས5བསྐྱོད་དེ་རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་དང་། ཡུལ་དངོས་འཚོལ་བསྡུ། རིག་རྩལ་འཁྲབ་སྟོན། ལག་རྩལ་མཛུབ་ཁྲིད། སྨན་སྐྱེལ་བ། གློག་བརྙན་སྟོན་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཁྱོན་མང་ཚོགས3000ལྷག་ལ་ཕན་པ་ཐོབ་ཡོད།

གསར་བརྗེའི་ངར་སྒྲ-རིགས་གཞུང་སྲིད་ཇུས་ཀྱིས་སེམས་ཀྱི་ཞིང་ས་བརླན།

བྱེད་སྒོ་ཁྲོད་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་གྱི་རྫོང་རིམ་པའི་བསྐྱར་འགྲན་ཁྲོད་ཨང་སྔོན་མ་གསུམ་ཐོབ་མཁན་དང་དེ་བཞིན་ཕུལ་དུ་བྱུང་བའི་གཞི་རིམ་གྱི་སྒྲོག་འགྲེལ་པ་མངགས་གཏོང་བྱས་ཏེ། དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་སུ་ཟབ་ཞུགས་བྱས་ནས་སྒྲོག་འགྲེལ་བྱས་ཡོད།

“འཚོལ་བསྡུའི་དཔུང་སྡེ”-བརྙན་མིག་ལམ་ནས་དམངས་འཚོའི་འཚོ་བ་འབྲི།

རྫོང་མཉམ་འབྲེལ་སྨྱན་སྦྱོར་ལྟེ་གནས་ཀྱིས་སྒྲིག་འཛུགས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཧུར་ཐག་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་པར་ལེན་དང་བརྙན་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་ཨང་སྔོན་མ་གསུམ་སྐུལ་སློང་བྱས་ཏེ། དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་ཏུ་སོང་ནས་ཡུལ་དངོས་འཚོལ་བསྡུའི་བྱེད་སྒོ་སྤེལ་ཡོད།

“རིག་རྩལ་འཁྲབ་སྟོན”-དགའ་སྤྲོའི་གླུ་གཞས་ཀྱིས་དམངས་ལ་དྲོད་ཁོལ་སྦྱིན།

རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་ཁག་ཏུ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་གླུ་གཞས་འགྲན་སྡུར་གྱི་ཕུལ་བྱུང་བདམས་ཐོན་པ་དང་དེ་བཞིན་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་རིག་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།

“སྨན་བཅོས་ཞབས་ཞུ”-བདེ་ཐང་དང་ཐུགས་ཁུར་མི་སེར་གྱི་ཁྱིམ་དུ་བསྐྱལ།

རྫོང་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་སྨན་ཁང་གི་རྐང་འཛིན་སྨན་པ་སྐོང་འཐེན་བྱས་ཏེ། སྨན་དང་སྨན་བཅོས་ཤེས་བྱ་སྐྱེལ་བའི་བྱེད་སྒོ་སྤེལ་ཡོད། སྨན་པས་མང་ཚོགས་ལ་འཕྲོད་བསྟེན་བདེ་ཐང་དང་རྒྱུན་མཐོང་འགོག་བཅོས་སོགས་ཀྱི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་། ཡུལ་དངོས་འགྲེལ་བཤད་དང་། དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་སོགས་ཀྱི་ལམ་ནས་མང་ཚོགས་ཀྱི་བདེ་ཐང་ཤེས་བྱ་དང་རང་ངོས་སྲུང་སྐྱོབ་ནུས་པ་མཐོར་འདེགས་གཏོགས་བཏང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)