国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月13日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས12ཉིན། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི“སློབ་སྦྱོང་དང་། བཤེར་འདོན། དག་ཐེར”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཕྱོགས་བསྒྲིགས》དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། གནད་དོན་ཞིབ་བཤེར་དང་དག་ཐེར་མཐོར་འདེགས་ཡོང་བར་ལྟ་སྐུལ་བྱས་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

དཔེ་ཀློག་འཛིན་གྲྭའི་ཐོག་སྲིད་གྲོས་ཏང་ཙུའུ་ཡིས《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཕྱོགས་བསྒྲིགས》《ཧྲུའུ་ཅི་ཝང་ཅོན་ཀྲེང་གི་སློབ་སྦྱོང་སློབ་གསོ་སྐོར་གྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན》དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གཅིག་སྡུད་ཐོག《ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་དཔེ་མཚོན་གྱོད་གཞི》《ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི“སློབ་སྦྱོང་དང་། བཤེར་འདོན། དག་ཐེར”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་ཇུས་གཞི》བཅས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)