འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས10ཉིན། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་མ་འཇོག་སྐུལ་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་ལུའེ་གོ་ཅན་བཅས་ཚོགས་འདུ་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་མ་འཇོག་སྐུལ་སྤེལ་ལས་དོན་སྒྲུབ་ཚུལ་ལ་གསན་པ།《ཆབ་མདོ་གྲོང་ཁྱེར་གྱི2025ལོའི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་ཁག་བགོས་འཆར་གཞི》དང《ཆབ་མདོ་གྲོང་ཁྱེར་གྱི2025ལོའི་མ་འཇོག་སྐུལ་སྤེལ་ལས་དོན་གྱི་གཙོ་གནད》《ཆབ་མདོ་གྲོང་ཁྱེར་གྱི་མ་འཇོག་སྐུལ་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ》《ཆབ་མདོ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ཆེད་མངགས་ལྟ་སྐུལ་པའི་ལས་ཀའི་ལམ་ལུགས》《ཆབ་མདོ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་དང་ཚོང་འགུགས་མ་འདྲེན་གྱི་ཞུ་གཏུག་ཐག་གཅོད་ལམ་སྲོལ》《ཚོང་འགུགས་མ་འདྲེན་བྱེད་སྟངས་གསར་གཏོད་བྱས་ནས་ཚོང་འགུགས་མ་འདྲེན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་གཏིང་ཟབ་བྱས་ནས་ཚོང་འགུགས་སྤུས་རྟགས་གཏོད་པ། ཞབས་ཞུ་སྤུས་ལེགས་དང་ཕན་འབྲས་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་མ་འཇོག་སྐུལ་སྤེལ་ལས་དོན་གྱི་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཝུའུ་དབྱིན་ཧའེ་དང་། བློ་བཟང་ཡེ་ཤེས། ཝུའུ་ཅན། མིག་ཚེ(གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི) ཐོགས་མེད་ཤེས་རབ། དབྱང་ཝུན་ཧྲེང་། ཀྲང་ཧུང་ཅུན་སོགས་ཚོགས་འདུ་ཞུགས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)