国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རང་རེའི་གྲོང་ཁྱེར་གྱི2025ལོའི་མཐོ་རྒྱུགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་པའི་ཚེས་7ཉིན་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིན་ཧའེ་ཡིས་རུ་སྣེ་ཁྲིད་དེ། རང་རེའི་གྲོང་ཁྱེར་གྱི་མཐོ་རྒྱུགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་གནང་ཡོད།

གྲོང་ཁྱེར་སློབ་གསོ་ཅུས་ཀྱི་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་སུ་ཝུའུ་དབྱིན་ཧའེ་ཡིས་རྒྱུགས་ཞུགས་སློབ་མའི་གྲངས་ཀ་དང་། རྒྱུགས་ལེན་ལས་ཀའི་རྩ་འཛུགས། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། སྒྲིག་ཆས་འཁོར་སྐྱོད། འཕྲལ་སྡོམ་སྔོན་ཇུས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། གློག་མིག་སྒྲིག་ཆས་བརྒྱུད་ནས་ཡིག་རྒྱུགས་ལེན་སའི་རྒྱུགས་སྤྲོད་སྤྱོད་ཚུལ་དང་སྒྲིག་ཁྲིམས་ལ་ལྟ་ཞིབ་ཀྱང་བྱས་པ་རེད། ཁོང་གིས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དམ་འཛིན་ཡག་པོ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་ནས་མཐོ་རྒྱུགས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་། ཏན་ཏིག་ངང་ལེགས་སྒྲུབ་བྱ་དགོས་པའི་བླང་བྱ་བཏོན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)