国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

རང་རེའི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ན་གཞོན་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་དེ་བཞིན་ས་གནས་ཏང་ཨུད་ཀྱི་སློབ་གསོའི་བླང་བྱ་གསར་པར་རྗེས་སྙེག་པ་བཅས་བྱས་ཏེ། ན་གཞོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ངོས་འཛིན་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་མཐོར་འདེགས་སུ་བཏང་སྟེ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་བར་རོགས་འདེགས་བྱ་ཆེད། ཟླ6པའི་ཚེས6ཉིན་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་སྡེ་ཚོགས་གྲོང་ཨུད་མཉམ་འབྲེལ་གྱིས་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ན་གཞོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་ཁག་གི་ན་གཞོན་ལས་བྱེད་པ70ལྷག་དཔེ་ཀློག་འཛིན་གྲྭ་ནང་ཞུགས་ཡོད།

དཔེ་ཀློག་འཛིན་གྲྭ་དེ་སློབ་གཉེར་བ་ཚོས་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་ཞིབ་འཇུག་དང་བགྲོ་གླེང་། སྒེར་གྱི་རང་སྦྱོང་བཅས་ཕན་ཚུན་ཟུང་འབྲེལ་གྱི་ལམ་ནས་འཚོགས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)