国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

“དམངས་ཡོངས་ཀྱི་དཔེ་ཀློག་སློབ་རར་བསྐྱོད་པའི”བྱེད་སྒོས་ཆབ་མདོའི་སློབ་རར་གསར་བརྗེའི་རིག་གནས་ཀྱི་སྟོབས་ཤུགས་བསྣན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྒྲུབ་པའི“དམར་མདངས་ཆབ་མདོས་མཉམ་དུ་འབད་འབུངས་བྱེད། སློབ་གྲྭའི་གླིང་ལ་ཤེས་དཔལ་སྲོལ་གསར་གཏོད”ཅེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་སློབ་རར་བསྐྱོད་པའི་བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་སློབ་ཆུང་དང་པོ་སྤེལ་བ་རེད། དཔེ་དེབ་ཞལ་འདེབས་དང་དཔེ་ཀློག་མཉམ་སྤྱོད་བྱས་པ་བརྒྱུད། སློབ་རར་གསར་བརྗེའི་རིག་གནས་ཀྱི་སྟོབས་ཤུགས་གསར་པ་ཞིག་བསྣན་ཡོད་པ་རེད།

བྱེད་སྒོའི་ཐོག་དགའ་སྤྲོ་རྣམ་པས་ཁེངས་ཞིང་། གསར་དར་གྱི་དཔེ་དེབ་སྣ་ཚོགས་དང་། སྤྱོད་སྒོ་ཆེ་བའི་རིག་གནས་མཁོ་ཆས་དག་གྲལ་ལེགས་པོར་སྒྲིག་ཡོད། གྲོང་ཨུད་ཀྱི་དྲིལ་བསྒྲགས་པུའུ་ཡིས་འགོ་ཁྲིད་བྱེད་སྒོ་ཞུགས་ཏེ་སློབ་མའི་འཐུས་ཚབ་པར་དཔེ་དེབ་སྤྲད་ཡོད། འདི་དག་ནི་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བར་བཅངས་པའི་རྒྱབ་སྐྱོར་ནུས་ལྡན་ཞིག་ཡིན་ལ། ལྡེ་མིག་ཞིག་དང་འདྲ་བར་ཕྲུ་གུ་ཚོར་ཤེས་བྱའི་རྒྱ་མཚོ་འགྲིམས་པའི་སྒོ་ཆེན་ཞིག་འབྱེད་བྱེད་ཀྱང་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ཐོག་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་སློབ་ཆུང་དང་པོར་རིན་ཐང་སྒོར་ཁྲི3ཡན་གྱི་བྱིས་པའི་དཔེ་ཀློག་དང་རིག་གནས་མཁོ་ཆས་སྤྲད་པ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)