国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月10日

ད་ལོ་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སློབ་མ་6445མཐོ་རྒྱུགས་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཆབ་མདོ་གྲོང་ཁྱེར་གྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ6445ཡོད་པ་དང་། ཆབ་མདོ་གྲོང་ཁྱེར་དུ་རྒྱུགས་ཞུགས་མི་གྲངས6349དང་། ས་གནས་གཞན་དུ་རྒྱུགས་ཞུགས་སློབ་མ96ཡོད། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དྲུག་པ་སོགས་ལ་རྒྱུགས་གནས་7 རྒྱུགས་ར225བཙུགས་ཡོད།

འདི་ནི་སློབ་མ་རྒྱུགས་རར་ཞུགས་བཞིན་པ།