国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月06日

དཔའ་ཤོད་རྫོང་གིས་དབྱར་རྩྭ་དགུན་འབུའི་དུས་ཚིགས་སུ་སྲིད་ཇུས་སྒྲོག་འགྲེལ་བྱས་པ།

སྒྲོག་འགྲེལ་མི་སྣས་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། ཉེ་ཆར། དཔའ་ཤོད་རྫོང་གིས་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་ཏེ་སྒྲིག་འཛུགས་ཤུགས་སྣོན་རྒྱག་པ་དང་ཞབས་འདེགས་མཐོར་འདེགས་བཏང་ནས་ཏང་གི་གསར་གཏོད་རིགས་གཞུང་དང་དམངས་ཕན་སྲིད་ཇུས་དབྱར་རྩྭ་དགུན་འབུ་བརྐོ་འཐུའི་འཐབ་ས་དང་པོར་སྐྱེལ་ཡོད།

དཔའ་ཤོད་རྫོང་གིས་མི་སྣ་འདུ་འཛོམས་ཆེ་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྦྲ་གུར་སྒར་ས་དེ་ཉིད་གསར་བརྗེའི་སློབ་ཚན་ཞིག་ཏུ་གཏོད་ཡོད། སྒྲོག་འགྲེལ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བརྗོད་དོན་གཙོ་བོར་བཟུང་བ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དང་ཟུང་འབྲེལ་གྱིས་དམངས་ཕན་སྲིད་ཇུས་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ནང་དོན་ཤེས་བྱའི་ཐབས་མཆོག་ཤིག་ཏུ་བསྡུ་སྒྲིལ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་ཉིན་མོར་མང་ཚོགས་ཀྱི་ལས་ཀ་སྒྲུབ་རིང་སྦྲ་གུར་སློབ་ཚན་གཉེར་ཞིང་། མཚན་མོ་གཏམ་གླེང་ཚོགས་འདུ་བསྡུས་ཏེ་དམར་མདངས་གཏམ་རྒྱུད་དེ་འབྲོག་པ་མང་ཚོགས་ཀྱི་སེམས་ནང་བསྐྱལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོའི་གྲུབ་འབྲས་མངོན་གསལ་ཆེ་ཞིང་རྫོང་ཡོངས་ཀྱི་ཤང་གྲོང་14ཡི་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས80དང་། མི་ཁྲི1.2ལ་ཁྱབ་པར་བྱས་ཏེ་ཁྱོན་སྒྲོག་འགྲེལ་ཐེངས130བྱས་པ་དང་། སྒྲོག་འགྲེལ་ཡིག་ཆ1000སྤྲད་དེ་དཔའ་ཤོད་རྫོང་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་མཐོ་ཚད་གསར་པ་གཏོད་པ་དང་། ས་མཐོའི་མཐོ་སྒང་འཕེལ་རྒྱས་ཡོང་བར་དམར་མདངས་ནུས་པ་དང་ཁྲིམས་སྐྱོང་གི་ནུས་ཤུགས་བསྣན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)