འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་དཔལ་འབར་རྫོང་བཅའ་སྲུང་ཡན་ལག་རུ་ཁག་གིས་མེ་ཟོན་རུ་མི་སྒྲིག་འཛུགས་བྱས་ནས། དཔལ་འབར་གྲོང་རྡལ་གྱི་ཞིང་ནང་དང་མུ་ཁར་བསྐྱོད་དེ། དཔྱིད་རྨོད་དཔྱིད་འདེབས་ཀྱི་མེ་ཟོན་བདེ་འཇཌ་སྐོར་དྲིལ་བསྒྲགས་དང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཁོང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོཌ་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཞིང་ལས་ཐོན་སྐྱེད་ལ་རམ་འདེགས་བྱས་པ་རེད།
མེ་གསོད་རུ་མིས་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དཔྱིད་རྨོད་དཔྱིད་འདེབས་རིང་། མེ་སྤྱོད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་ལ་འགྲེལ་བཤད་བརྒྱབ་སྟེ། ཞིང་པར་ཕྱི་རོལ་དུ་སོག་མ་སྲེག་པ་དང་མེ་རོ་གང་བྱུང་གཡུག་རྒྱུ་གཏན་འགོག་གིས་འབྱུང་རྩ་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་ཐོག མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་མི་དེ་བས་མང་བའི་སེམས་ལ་འཇགས་པར་བྱས་པ་རེད།
དྲིལ་བསྒྲགས་དེ་རིགས་སྤེལ་བ་དུས་ཐོག་དང་གོ་ཆོད་པོ་འདུག་པས། ང་ཚོས་མེ་གསོད་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་། མེ་གསོད་རུ་མིས་རོགས་རམ་གང་དྲགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་སེམས་ཁྲལ་ཡང་རྦད་དེ་བསལ་སོང་ཞེས་མང་ཚོགས་ཀྱིས་བརྗོད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)