འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས3ཉིན། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་དེ་ཕྱོགས་གཉིས་ཀྱིས་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་དང་། ཁྱབ་ཁོངས་མང་པོའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་ཆབ་མདོའི་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྒུལ་ཤུགས་གསར་པ་བསྩལ་རྒྱུ་ཡིན་པ་རེད།
གྲོས་མཐུན་གཞིར་བཟུང་ནས། ཕྱོགས་གཉིས་ཀྱིས་སྲིད་གཞུང་ཁྲིམས་སྐྱོང་གི་བྱང་ཚད་མཐོར་འདེགས་དང་། ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཆེར་གཏོང་། མང་ཚོགས་ཀྱི་ཁྲིམས་སྐྱོང་ལྟ་བ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། མ་ལག་རང་བཞིན་གྱིས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་བྱེད་པ། ཕྱོགས་ཡོངས་དང་རིམ་པ་མང་པོའི་ཁྲིམས་སྐྱོང་འཛུགས་སྐྱོང་མཉམ་ལས་མ་ལག་བསྐྲུན་པ་བཅས་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ཟབ་ཏུ་གཏོང་བ། ཆབ་མདོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆུ་ཚད་མཐོར་འདེགས་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
གྲོས་མཐུན་བཀོད་པའི་མཛད་སྒོ་མཇུག་འགྲིལ་རྗེས།“ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་ཁྲིད་ཚན་ཞིབ་ལག་ལེན་རྟེན་གཞི”དང“ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་ལས་ཞུགས་དངོས་སྦྱོང་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)