国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月06日

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ཆབ་མདོར་ལྟ་སྐུལ་བྱེད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ6པའི་ཚེས3ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ཆབ་མདོ་གྲོང་ཁྱེར་དང་ངོ་འཕྲད་བྱེད་པའི་ཚོགས་འདུ་འཚོགས་པ་རེད།

ལྟ་སྐུལ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཆུང་བདག་གིས་གསུང་བཤད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྟ་སྐུལ་ལས་དོན་འགན་འཁྲི་དང་། སྤྱིའི་བཀོད་སྒྲིག་བཅས་བརྡ་ཁྱབ་བཏང་བ་མ་ཟད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་ཡོད།

ཆུང་བདག་གིས་ལྟ་སྐུལ་ཚོགས་ཆུང་མངགས་གཏོང་བྱས་པ་དེ་ནི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་ཐབས་ཞིག་དང་། གོང་འོག་མཉམ་འགུལ་བྱས་ཏེ་ཁ་གཏད་རང་བཞིན་གྱིས་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག སྣེ་གཅིག་གིས་ཁྱོན་ཡོངས་འཁྲིད་པའི་ཐོག་ནས་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མངགས་གཏོང་བྱས་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཆབ་སྲིད་ཀྱི་བསམ་གཞིག་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་སློབ་སྦྱོང་སློབ་གསོ་ཏན་ཏན་ཏིག་ཏིག་ཡོང་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད། ཆུང་བདག་གིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ནན་ཏན་གྱིས་རང་འགན་གཙང་སྒྲུབ་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་བཞིའི་རིང་མཉམ་མཐུད་ཀྱིས་སྤེལ་བའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། ཆབ་མདོ་གྲོང་ཨུད་ལ་ཉེ་བར་བརྟེན་ནས་ཕྱོགས་མཐུན་ཤུགས་འདོན་དང་དྲི་གཅིག་མཉམ་འདེབས་བྱ་རྒྱུ་ཡིན། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་བསྐྱོད་དེ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་ལམ་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་ཞུགས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་སེལ་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་ཡིད་ཆེས་ཐོབ་པའི་དངོས་ཡོད་བྱ་སྤྱོད་དང་ལས་ཀའི་ཕན་འབྲས་སུ་འགྱུར་བར་བྱེད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པ་བཅའ་སྡོད་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དེའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་བ་མཚོན་ལ། དེ་ནི“ཆབ་སྲིད་དག་བཤེར”དང“ཆེད་དོན་ཟུར་ཁྲིད”ཅིག་ཀྱང་ཡིན། ཆབ་མདོ་གྲོང་ཨུད་ཀྱིས་ཚད་མཐོའི་ཆབ་སྲིད་རང་རྟོགས་དང་ཤུགས་ཆེན་པོས་ཆབ་སྲིད་ཀྱི་འགན་འཁྲིའི་ཐོག་ནས་རང་རྟོགས་དང་ཁྱོན་ཡོངས་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལ་ནན་ཏན་ངང་དང་ལེན་བྱེད་པ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཆབ་མདོ་འདི་ཉིད་ཆབ་སྲིད་ལ་སྣང་ཆེན་ཆེ་ཤོས་དང་། ཏང་གཤིས་ལ་སྣང་ཆེན་ཆེ་ཤོས། ལྷག་བསམ་རྣམ་དག་ལ་སྣང་ཆེན་ཆེ་ཤོས། འགན་འཁྲི་ལ་སྣང་ཆེན་ཆེ་ཤོས། སྤྱོད་གཙང་ལ་སྣང་ཆེན་ཆེ་ཤོས་ཀྱི་ས་ཆ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། སློབ་སྦྱོང་སློབ་གསོ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་ལེགས་སྐྱེས་འབུལ་རྒྱུའི་བསམ་པ་བསྟན་ཡོད།

རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཁོངས་མི་ཡོངས་དང་། གྲོང་ཁྱེར་ཚན་ཁག་བཞིའི་འགོ་ཁྲིད་ཚོགས་འདུ་ཞུགས་ཡོད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)