国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月06日

གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི“སློབ་སྦྱོང་དང་། བཤེར་འདོན། དག་ཐེར”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས27ཉིན་ནས་ཚེས29ཉིན་བར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི“སློབ་སྦྱོང་དང་། བཤེར་འདོན། དག་ཐེར”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

དཔེ་ཀློག་འཛིན་གྲྭའི་རིང་། གྲོང་ཨུད་རྒྱུན་ཨུ་ཚན་ཁག་གིས་གཅིག་སྡུད་སློབ་སྦྱོང་དང་། ཡོངས་བསྒྲགས་སློབ་གསོ་སོགས་ཀྱི་ལམ་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཀྱི་དཔེ་མཚོན་གྱོད་གཞིའི་བརྡ་ཁྱབ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཡོད།

ཆེད་དོན་ཞིབ་འཇུག་བགྲོ་གླེང་ཐོག ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་མ་ཟད། སྣེ་ཁྲིད་ནས་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་ཡང་གནང་བ་དང་། དེ་རྗེས་རྒྱུན་ཨུའི་བློ་མཐུན་གཞན་དག་རེ་རེ་བཞིན་གྱིས་ཀྱང་ལྟ་བསྡུར་ཞིབ་བཤེར་བྱས་ཡོད།

ཀྲོང་ཅིན་སུང་གིས་ཕྱོགས་བསྡོམས་གནང་སྐབས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གིས་ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭ་འགོ་འཛུགས་ས་གསར་པར་བརྩིས་ནས“རུ་འདྲེན་ནུས་སྣང་”འདོན་སྤེལ་བྱས་ཏེ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི“གསེར་གྱི་མིང་བྱང”ལ་རྒྱུན་ཆད་མེད་པར་བཀྲག་མདངས་འཚེར་བར་བྱེད་དགོས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མ་ཡིག་གི་རྩ་བའི་རིག་པ་ཁོང་དུ་ཆུད་པ་དང་ནང་དོན་གྱི་སྙིང་པོ་གོ་བ་གཏིང་ཟབ་ལེན་པ། དོན་དེ་ཉིད་ཤེས་པ་དང་དེའི་གནས་ལུགས་ཞིབ་ཏུ་རྟོགས་པ། དེའི་སྤྱོད་སྟངས་ལེགས་པར་རྟོགས་པ་བཅས་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས་སློབ་སྦྱོང་ཁྲོད་གོ་བ་ལེན་པ་དང་གོ་བ་ལེན་པའི་ཁྲོད་སློབ་སྦྱོང་བྱེད་དགོས། རྩད་ཆོད་མཐའ་གསལ་དང་དག་ཐེར་ཡོ་བསྲང་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཞིབ་བཤེར་དང་བཙལ་འཚོལ་ཐུབ་པའི་གནད་དོན་ལ་དམིགས་ནས་ཞིབ་ཐོ་འགོད་པ་དང་རྩིས་ཐོ་བཟོ་བ། དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ལས་ཀར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལག་བསྟར་དོན་འཁྱོལ་དང་། དྲིལ་བསྒྲགས་སྐུལ་སློང་། མཐུན་སྒྲིལ་མཉམ་ལས་བཅས་ཀྱི་མིག་དཔེ་ཡག་པོ་བསྟན་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག“ཆབ་མདོ་ནི་བོད་ཀྱི་སྐར་ལྔའི་དར་དམར་ཐོག་མར་བསྒྲེང་སའི”ལ་རྒྱ་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་དགོས་ཞེས་བསྟན། (དཔལ་ཐར་རྒྱལ་གྱིས་བསྒྱུར)