国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

ཆབ་མདོ་གྲོང་ཁྱེར་སློབ་གསོ་ཁོངས་གཏོགས་ཀྱིས།

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་སྤུས་ཚད་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་གྱི་བྱེད་སྒོ་གཉེར་བ།

ཕྲུ་གུ་ཚོའི་ལུས་ལ་མི་རིགས་གཟབ་མཆོར་སྤྲས་ཏེ་རིག་རྩལ་འཁྲབ་སྟོན་ལ་སྒུག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས30ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཁོངས་གཏོགས་ཀྱི2025ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་སྤུས་ཚད་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་གྱི་བྱེད་སྒོ་དེ་ཅིན་ཆབ་ལུས་རྩལ་ལྟེ་གནས་སུ་གཉེར་བ་རེད། གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་དང་། ཁྱིམ་བདག་བཅས་ཀྱི་འཐུས་མི་དེ་བཞིན་ལས་རིགས་ཁག་གི་སྐུ་མགྲོན་སོགས་ཞུགས་ཡོད།

སྔ་དྲོའི་ཆུ་ཚོད་བཅུ་པ་ཡས་མས་སུ། བྱེད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་ཁྲོད་འགོ་ཚུགས། དགེ་སློབ་ཚང་མ་ཡར་ལངས་ཏེ་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་འཕགས་པར་བལྟས། དེའི་རྗེས། ལོ་ཆུང་གདོང་ལེན་རུ་མི་རུ་གྲལ་དུ་ཞུགས་པའི་མཛད་སྒོ་གཉེར་ཏེ་ཕྲུ་གུ་ཚོས་སྐེ་དཀྲིས་དམར་པོ་བཏགས་པ་དང་ལག་གཡས་པ་མཐོན་པོར་བསྒྲེངས་ནས་དམ་བཅའ་བཞག་པ་རེད།

རིག་རྩལ་འཁྲབ་སྟོན་ནང་། གླུ་གཞས་དང་། ཞབས་བྲོ། གར་ཆུང་། གྱེར་འདོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)