国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

དུས་ཆེན་གཉིས་པོ་མཉམ་གཏོང་བྱེད། མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན།

ཕྲུ་གུ་ཚོས་འབྲས་ཆན་བཟོ་ལུགས་སྦྱོང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས31ཉིན་ནི་སྲོལ་རྒྱུན་གྱི་དུས་ཆེན་ལྔ་པའི་ཚེས་ལྔའི་དུས་ཆེན་ཏག་ཏག་འཁེལ་ཡོད། རང་རེའི་གྲོང་ཁྱེར་གྱིས་པེ་ཅིང་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་པའི་བྱེད་སྒོ་བྱེད་སྒོ་དེ་ས་གནས་གཉིས་ཀྱིས་མཉམ་གཉེར་བྱས་པའི་རིག་རྩལ་འཁྲབ་སྟོན་ཁྲོད་འགོ་ཚུགས་པ་རེད། གར་སྟེགས་ཐོག་རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་ནས་ཕེབས་པའི་གླུ་གར་འཁྲབ་སྟོན་པ་ཚོས་སྙན་འཇེབས་ལྡན་པའི་བོད་གཞས་ལེན་པ་དང་ཡིད་དབང་འཕྲོག་པའི་སྒོར་གཞས་འཁྲབ་ཡོད་པ་དང་། ཧྲང་ཧའེ་ཁྲང་ཉེ་ཆུས་ཀྱིས་རྣ་ལ་སིང་པའི་སྒྲ་སྙན་དཀྲོལ་བ་རེད། ས་གནས་གཉིས་ཀྱི་སྒྱུ་རྩལ་བ་ཚོས་ཞིབ་ཚགས་ངང་བཟོས་པའི་མཉམ་འབྲེལ་ལེ་ཚན་གྱིས་བོད་ཀྱི་ཞབས་བྲོའི་ཉམས་བཟང་དང་མཚོ་རྒྱུད་ཀྱི་ཉམས་བཟང་གཉིས་ཀ་འདྲེས་ཡོད་པས་ལྟད་མོ་བ་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཚང་མ་བསྐོར་ནས་བསྡད་དེ་མཉམ་དུ་འབྲས་ཆན་བཟོས་པ་རེད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་ལ་བཅངས་པའི་བརྩེ་སེམས་དང་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཞིམ་ཟས་ལ་ཐུན་མོང་ཐོག་གི་དགའ་ཞེན་མཚོན་པར་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)