国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年06月03日

ཀྲོང་ཅིན་སུང་གིས་སྨར་ཁམས་དང་། འཇོ་མདའ། གོ་འཇོ་བཅས་རྫོང་གསུམ་དུ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་སྨར་ཁམས་དང་། འཇོ་མདའ། གོ་འཇོ་བཅས་རྫོང་གསུམ་དུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། གཞི་རིམ་བཅོས་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། གྲོང་གསེབ་དར་རྒྱས། དམར་མདངས་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞི་རྟེན་བཟུང་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་། ངར་ཤུགས་གཅིག་སྒྲིམ་གྱིས་དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་དཔུང་ཁག་དང་གདོང་དམག་ཞིག་བརྩོན་ལེན་བྱས་ཏེ། ཕྱོགས་གཅིག་ལ་གཟི་བརྗིད་བསྣན་དགོས་ལ་ཕྱོགས་ཡོངས་ལའང་གཟི་བརྗིད་བསྣན་དགོས་པའི་ནན་བཤད་གནང་ཡོད།

སྨར་ཁམས་རྫོང“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞུང་དོན་ཁང་དུ། ཀྲོང་ཅིན་སུང་གིས་བྱེད་སྒོ་སྤེལ་ཚུལ་ལ་ནན་ཏན་ངང་གསན་ཞིང་། ཁོང་གིས་བྱེད་སྒོ་སྤེལ་བའི་ཆེས་གཞི་རྩ་ནི་མང་ཚོགས་ཀྱི་ཞུགས་ཚད་མཐོར་འདེགས་གཏོང་རྒྱུ་དེ་ཡིན་པས། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་དགའ་ཆེ་ཤོས་དང་ཆེས་ཐད་ཀར་གྱི་ལམ་ནས་མང་ཚོགས་བྱེད་སྒོ་ནང་ཞུགས་པར་སྐུལ་སློང་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མཉམ་སྦྲེལ་གྱིས་བསམ་བློ་གཏོང་བ་དང་མཉམ་དུ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་འཕེལ་རྒྱས་ནུས་པ་འཕེལ་བར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་གོ་འཕེར་ཅན་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་ལ་ཐུན་མོང་མ་ཡིན་པའི“གསར་བརྗེའི་ཐོན་ཁུངས”ཡོད་པ་རེད། ཀྲོང་ཅིན་སུང་དམག་སྡེ་བཅོ་བརྒྱད་པས་འབྲི་ཆུ་སྒྲོལ་བའི་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་ཏེ་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་པ་རེད། ཁོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་རིག་གནས་ཀྱི་མིང་བྱང་ཟམ་མི་ཆད་པར་བཀྲག་མདངས་འཚེར་བར་བྱེད་པ་དང་གསར་བརྗེའི་རྗེས་ཤུལ་དང་རིག་དངོས་ཀྱི་བསམ་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ། གསར་བརྗེའི་གཞི་རྒྱུ་དང་གསར་བརྗེའི་མེ་སོན་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤྱིའི་འཆར་འགོད་ལས་དོན་ནན་ཏན་ཡག་པོ་སྒྲུབ་པ་དང་། སྐམ་ཐོག་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་པ་བཅས་བྱས་ཏེ། གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ཡིན། ཀྲོང་ཅིན་སུང་གོ་འཇོ་རྫོང་ཞིས་པའོ་དར་རྒྱས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ཕེབས་ཏེ་དེང་རབས་ཞིང་ལས་དང་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་།“ཚན་རྩལ་མཐོ་བ། སྤུས་ཚད་ལེགས་པ། ཕན་ནུས་ཆེ་བ། བྱང་ཚད་མཐོ་བའི”འཕེལ་རྒྱས་གཏོང་ཐབས་ལ་དམིགས་ནས། ཞིང་ལས་ཀྱི་ཚན་རྩལ་གྲུབ་འབྲས་བེད་སྤྱོད་གཞན་སྒྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ཞིང་འབྲོག་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རང་ཡུལ་གྱི་ཁྲོམ་རའི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

སྨར་ཁམས་རྫོང་གྲུ་པ་རོང་ཤང་དང་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་ཀྲོང་ཅིན་སུང་གིས་གྲོང་རྡལ་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གནས་ཚུལ་སྙན་སེང་ལ་ནན་ཏན་གསན་པ་དང་། ཁོང་གིས་སློབ་སྦྱོང་སློབ་གསོ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་དམིགས་ཏེ་འགན་འཁྲི་ནན་དུ་གཏོང་བ་དང་། རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)