国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月30日

གོ་འཇོཡིས་རྫོང་གྲོང་གི་སྔོ་འགྱུར་ཁེབས་ཚད་དང་སྐྱེ་ཁམས་བྱེད་ནུས“མཐོར་གཏོང་གཉིས”ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་རྫོང་གྲོང་གི་མ་ལམ་དང་སྤྱི་པའི་ས་ཁོངས་སུ་སྔོ་འགྱུར་མང་དུ་གཏོང་བའི་འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། བང་རིམ་དང་ཚོན་མདོག་མང་བའི་སྐྱེ་ཁམས་མཛེས་ལྗོངས་མ་ལག་བསྐྲུན་ནས། རྫོང་གྲོང་གི་སྔོ་འགྱུར་ཁེབས་ཚད་དང་སྐྱེ་ཁམས་བྱེད་ནུས“མཐོར་གཏོང་གཉིས”ཡོང་བར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འདུ་འགོད་ལ་གསོམ་ཤིང་སོགས་སྐྱེ་འཚར་མགྱོགས་པའི་ལྗོན་ཤིང་རིགས་5ལེགས་འདེམས་བྱས་ཤིང་། རིམ་རྩིས་བརྒྱབ་ན་སྡོང་རྐང་ཁྲི་5.65ལྷག་ཙམ་བཏབ་པར་རིང་ཐུང་མཉམ་པ་དང་ནམ་དུས་ཀྱི་རྣམ་པ་གསལ་བའི་སྐྱེ་ཁམས་མཛེས་ལྗོངས་ཀྱི་བར་ཁྱམས་གྲུབ་ཡོད། གསར་འགོད་པས་རྫོང་དེའི་བདེ་སྐྱིད་ནུབ་ལམ་གྱི་ལས་ཡུལ་ནས་ནགས་ལས་ལག་རྩལ་པས་ཚད་ལྡན་གྱི་ལས་རིམ་ལ་གཞིགས་ནས། སྔོ་ཁེབས་སྐྱེ་འཚར་ལེགས་པོ་ཡོང་བར་འགན་ལེན་བྱེད་བཞིན་པ་མཐོང་བྱུང་།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)