འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས26ཉིན། གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས“རྟེན་འབྲེལ་ཆེན་མོ་བསུས་ནས་ཏང་དྲིན་བསྟོད། དམར་མདངས་ཆབ་མདོས་ཧུར་བརྩོན་མཉམ་དུ་སྐྱེད”ཅེས་པའི་བོད་ལུགས་གྱོན་ཆས་བཟོ་རྩལ་གྱི་སྦྱོང་བརྡར་མཇུག་བསྒྲིལ་བའི་མཛད་སྒོ་དང་གྱོན་ཆས་བཟོ་རྩལ་གྱི་འགྲན་སྡུར་གཉེར་བ་རེད།
རྫོང་ཆུས་ཁག་ནས་ཡོང་བའི་བོད་ལུགས་གྱོན་ཆས་བཟོ་མཁན་དང་སྦྱོང་བརྡར་ནང་ཞུགས་མཁན་ཚོས་མཉམ་དུ་ལག་རྩལ་འགྲན་སྡུར་བྱས་ཏེ་བོད་ལུགས་གྱོན་ཆས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས་ཡོད། འགྲན་སྡུར་ནང་ཞུགས་མཁན་མི10ལྷག་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་མཐར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བདམས་པ་དང་། གཡང་འཕེལ་བོད་གོས་ཚད་ཡོད་ཀུང་སི་ཡིས་ཕུལ་བྱུང་གི་སློབ་མ4དང་ལས་ཀའི་གྲོས་ཡིག་བཞག་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)